ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

སྤྱི་ལོ་2020ལོ་ཧྲིལ་པོར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར་ཁྲི་19དང་6300མང་དུ་ཕྱིན་པ།

2021-01-13 09:46:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་མི་དམངས་དངུལ་ཁང་གིས་སྤྱི་ཚེས་12ཉིན་ཡོངས་བསྒྲགས་བྱས་པའི་དངུལ་རྩའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། སྤྱི་ལོ་2020ལོ་ཧྲིལ་པོར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར་ཁྲི་19དང་6300མང་དུ་ཕྱིན་ཡོད་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་2ཁྲི་དང་8200ཡིས་མང་བ་ཡོད་པ་རེད། དེའི་ནང་མི་སྒེར་གྱི་སྡོད་ཁང་ཁག་ཐེག་དངུལ་བུན་གྱིས་གཙོ་བོ་བྱེད་པའི་སྡོད་དམངས་ཀྱི་དུས་ཡུན་རིང་འབྲིང་གི་དངུལ་བུན་སྒོར་དུང་ཕྱུར་5ཁྲི་9500མང་དུ་ཕྱིན་ཡོད། སྤྱི་ལོ་2020ལོ་ཧྲིལ་པོར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་སྒོར་དུང་ཕྱུར་ཁྲི་19དང་6500མང་དུ་ཕྱིན་ཡོད་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་4ཁྲི་2800མང་དུ་ཕྱིན་ཡོད། ཉིན་དེ་རང་ལ་ཡོངས་བསྒྲགས་བྱས་པའི་སྤྱི་ཚོགས་ཀྱི་མ་རྩ་རུབ་བསྡུས་གྲངས་གཞི་ལས་མངོན་པར། སྤྱི་ལོ་2020ལོར་རང་རྒྱལ་གྱི་སྤྱི་ཚོགས་མ་རྩ་རུབ་བསྡུས་གཞི་ཁྱོན་དེ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་34དང་8600ཟིན་ཡོད་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་9ཁྲི་1900མང་བ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

སྤྱི་ལོ་2020ལོ་ཧྲིལ་པོར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར་ཁྲི་19དང་6300མང་དུ་ཕྱིན་པ།

སྤྱི་ལོ་2020ལོ་ཧྲིལ་པོར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར་ཁྲི་19དང་6300མང་དུ་ཕྱིན་ཡོད་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་2ཁྲི་དང་8200ཡིས་མང་བ་ཡོད་པ་རེད།