ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

འབྲུ་རིགས་ཀྱི་བཟང་ཆ་དམ་འཛིན་བྱས་ནས་ནང་ལོག་སྐམ་སའི་མཐོ་ས་གཏོད་དགོས།

2021-01-13 09:42:00     责编:卓玛才让

རིམ་མཐོའི་བགྲོ་གླེང་གོམ་པ་དང་པོ་ཡག་པོ་སྤོས་ནས་རྣམ་པ་གསར་པར་རྒྱང་ལྟ་བྱེད་ཅེས་པ་སྟེ། དེ་རིང་ཀྲུང་གོའི་འཕྲིན་ལམ་དང་པོས་ཧེ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཀོ་ཧྲེང་ལ་ཆེད་དོན་བཅར་འདྲི་ཞུས་པའི་ནང་དོན། འབྲུ་རིགས་ཀྱི་བཟང་ཆ་དམ་འཛིན་བྱས་ནས་ནང་ལོག་སྐམ་སའི་མཐོ་ས་གཏོད་དགོས་ཞེས་འཁོད་པ་དེ་གཏོང་སྤེལ་ཞུ་རྒྱུ་ཡིན།

ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག རྨོ་ཞིང་མུའུ་དུང་ཕྱུར18ཀྱི་མ་མཐའི་ཚད་གཞི་འདི་དམ་པོར་སྲུང་དགོས་ཞེས་ནན་སྟོན་བྱས་ཡོད། འབྲུ་རིགས་ཀྱི་ཞིང་ཆེན་ཆེན་པོ་ཡིན་པའི་ཧེ་ནན་ཞིང་ཆེན་གྱིས་འབྲུ་རིགས་བདེ་འཇགས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་ཡོད། ཧེ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཀོ་ཧྲེང་གིས། ཧེ་ནན་གྱི་འབྲུ་རིགས་སྤྱིའི་ཐོན་འབོར་ལོ4བསྟུད་མར་རྒྱ་མ་དུང་ཕྱུར1300ཡན་རྒྱུན་འཁྱོངས་ཐུབ་པ་དང་། ལྷག་པར་དུ་ན་ནིང་འབྲུ་རིགས་སྤྱིའི་ཐོན་འབོར་ཐེངས་དང་པོར་རྒྱ་མ་དུང་ཕྱུར1350ཡི་སྐས་རིམ་ལས་བརྒལ་ནས། དམིགས་བསལ་གྱི་ལོ་དེར་དམིགས་བསལ་གྱི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་ཡོད།

ཝང་ཀོ་ཧྲེང་གིས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་། ཧེ་ནན་གྱིས་རྒྱལ་ཁབ་ཀྱི་སྐྱེ་དངོས་གསོ་འདེབས་ཐོན་ལས་གསར་གཏོད་ལྟེ་གནས་སོགས་ཞིབ་འཇུག་གསར་སྤེལ་སྟེགས་བུ་འཛུགས་སྐྱོང་བྱ་རྒྱུས་སྣེ་ཁྲིད་བྱས་ཏེ། དེང་དུས་ཀྱི་གསོ་འདེབས་གོང་སྤེལ་ལས་གྲྭ་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་རིམ་པའི་གྲོ་སོན་ཐོན་ཁུངས་མཛོད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད།

མི་རིང་བའི་གོང་། ཧེ་ནན་གྱིས་ཏང་སྲིད་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ནས་ཧྲེང་ཧའེ་དང་། ཅང་སུའུ། ཀྲེ་ཅང་བཅས་སུ་སློབ་སྦྱོང་དང་རྟོག་ཞིབ་བྱས་ནས། རྣམ་གྲངས133ལ་མིང་རྟགས་བཀོད་པ་དང་། དེར་ཁྱོན་མ་འཇོག་སྒོར་དུང་ཕྱུར1752བཏང་ཡོད། ཝང་ཀོ་ཧྲེང་གིས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་པའི་རིང་། ཧེ་ནན་གྱིས་ས་ཁོངས་ཀྱི་འགྲིམ་འགྲུལ་སོགས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ས་ཁོངས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་གལ་ཆེའི་ཀ་རྟེན་གཏོད་རྒྱུ་ཡིན་ཞེས་བསྟན་ཡོད།

ཐོན་ལས་ཀྱི་འགྱོགས་ཤིང་འདི་ཡག་པོ་འདེགས་རྒྱུའི་ཐད་ཝང་ཀོ་ཧྲེང་གིས། ཧེ་ནན་གྱིས་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་གཏོང་བའི་བྱ་སྤྱོད་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མཆོངས་བརྒལ་ལྟ་བུའི་གོང་སྤེལ་ཡོང་བ་བྱེད་པའི་ལས་གཞི་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དུས་མཇུག་ཏུ་སླེབས་སྐབས། དུང་ཕྱུར་ཁྲི་རིམ་པའི་ཐོན་ལས་བཅུ་དང་། དུང་ཕྱུར་སྟོང་རིམ་པའི་གསར་དར་ཐོན་ལས་ཁྱུ་ཚོགས་བཅུ་གཏོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

འབྲུ་རིགས་ཀྱི་བཟང་ཆ་དམ་འཛིན་བྱས་ནས་ནང་ལོག་སྐམ་སའི་མཐོ་ས་གཏོད་དགོས།

དེ་རིང་ཀྲུང་གོའི་འཕྲིན་ལམ་དང་པོས་ཧེ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཀོ་ཧྲེང་ལ་ཆེད་དོན་བཅར་འདྲི་ཞུས་པའི་ནང་དོན། འབྲུ་རིགས་ཀྱི་བཟང་ཆ་དམ་འཛིན་བྱས་ནས་ནང་ལོག་སྐམ་སའི་མཐོ་ས་གཏོད་དགོས་ཞེས་འཁོད་པ་དེ་གཏོང་སྤེལ་ཞུ་རྒྱུ་ཡིན།