ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བོད་ཀྱི་མི་དམངས་ཉེན་རྟོག་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

2021-01-12 14:39:00     责编:卓玛才让

ཚེས་9ཉིན་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དང་པོ་འཆར་ཉེར་ཡོད་པའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། མ་ལག་གི་འདུ་ཤེས་དང་། ཁྲིམས་སྐྱོང་གི་བསམ་གཞི། རྨང་བརྟན་གྱི་སྟོན་ཕྱོགས་བཅས་ལ་དེ་བས་སྣང་ཆེན་བྱས་ནས་སྲིད་ཁྲིམས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་མ་ཟད། རྒྱལ་ཡོངས་ཀྱི་མི་དམངས་ཉེན་རྟོག་པར་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཡང་ཞུ་དགོས་ཞེས་ནན་བཤད་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་རང་ལྗོངས་ཀྱི་མི་དམངས་ཉེན་རྟོག་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། རྒྱ་ཆེའི་མི་དམངས་ཉེན་རྟོག་པ་ཚོས། རང་འགན་གཙང་སྒྲུབ་ཀྱིས་འགན་འཁྲི་ཆུད་ཟོས་སུ་མི་གཏོང་བར་བླ་ན་མེད་པའི་མི་དམངས་ཀྱི་སྤྱི་བདེའི་བྱ་གཞག་དང་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ལ། དེ་བས་ཆེ་བའི་ལས་ཀའི་སྤྲོ་སེམས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བའང་ཞུ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

“སྤྱི་ཁྱབ་ཧྲུའུ་ཅིས་འཚམས་འདྲི་གནང་བ་དེས་སྤྱི་བདེའི་དཔུང་ཁག་ནང་ཞུགས་ནས་ཡུན་རིང་མ་སོང་བའི་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང”རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་མི་དམངས་ཉེན་རྟོག་པ་ཁྲེན་ཁོ་ཡུས་ཀྱིས། དམིགས་བསལ་གྱི་ཉིན་མོ་འདིར་ང་དང་ལས་རོགས་ཚོས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་གླུ་གཞས་མཉམ་དུ་གཏོང་བ་དང་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་བདེའི་དཔུང་ཁག་ལ་གནང་བའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཀྱི་ཡིན་ཞེས་གསར་འགོད་པར་བཤད་བྱུང་། “དུས་རབས་གསར་པའི་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པ་ཡིན་པའི་ངོས་ནས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ། ‘འདུ་ཤེས་བཞི’ཟབ་ཏུ་གཏོང་བ། ‘གདེང་ཚོད་བཞི’བརྟན་དུ་གཏོང་བ། ‘སྲུང་སྐྱོང་གཉིས’ཐུབ་པར་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་བསྟར་གཞུང་དྲང་། སྒྲིག་ཁྲིམས་ནན་པོ་བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་བྱེད་པ་བཅས་ཀྱི་ཐོག་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་ཤར་གཏོང་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་མི་དམངས་ཉེན་རྟོག་པ་ཁྲེན་ཁོ་ཡུས་ཀྱིས་བཤད།

གངས་རིའི་རྩེ་མོར་མི་དམངས་ཉེན་རྟོག་པའི་དར་ཆ་ལྷབ་ལྷུབ་ཏུ་གཡོ། ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཡན་གྱི་འབྲོང་པ་རྫོང་སྤྱི་བདེ་ཅུས་ཀྱི“ཕུལ་བྱུང་ལས་དོན་པའི”གཟི་བརྗིད་མཚན་སྙན་ཐོབ་མ་ཐག་པའི་ལེང་ཧང་ཧྲོ་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། “ངས་ཐོག་མཐའ་བར་གསུམ་དུ་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱ་བ་བསྒྲུབས་ཏེ། གང་དུ་དཀའ་ངལ་ཡོད་ཚེ་དེ་གར་ཉེན་རྟོག་པ་ཡོད་པ་དང་། གང་དུ་དགོས་མཁོ་ཡོད་ཚེ་དེ་གར་ཉེན་རྟོག་པ་བསྐྱོད་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད”ཅེས་ལེང་ཧང་ཧྲོ་ཡིས། 2020ལོ་ཚུན་འབྲོང་པ་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་ས་བབ་མཐོ་ཚད་སྨི་5600ཡོད་པའི་ཡར་ཀླུང་གཙང་པོའི་ཆུ་འགོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒོ་བརྟན་སྲུང་གིས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ། ཕྲུ་གུ་ཚོར་སྣང་བ་སྐྱིད་པའི་བྱིས་དུས་དང་། མི་སེར་ཚོར་དུས་བདེ་ལྷིང་འཇགས་དང་བདེ་སྐྱིད། རྒྱལ་ཁབ་ལ་ཁམས་བདེ་དང་དར་རྒྱས་བཅས་ཡོང་བར་བྱས་པ་དང་། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱ་ཆེད་བླ་ན་མེད་པའི་འགན་འཁྲི་ཕྲག་ཏུ་ཁུར་བ་དང་སྤྱི་ཚོགས་བརྟན་ལྷིང་དང་མི་དམངས་ཀྱི་ལྷིང་འཇགས་འཚོ་བ་བརྟན་སྲུང་བྱས་ཡོད་ཅེས་བཤད།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

中央广播电视总台 央广网 版权所有

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བོད་ཀྱི་མི་དམངས་ཉེན་རྟོག་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

གངས་རིའི་རྩེ་མོར་མི་དམངས་ཉེན་རྟོག་པའི་དར་ཆ་ལྷབ་ལྷུབ་ཏུ་གཡོ། ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཡན་གྱི་འབྲོང་པ་རྫོང་སྤྱི་བདེ་ཅུས་ཀྱི“ཕུལ་བྱུང་ལས་དོན་པའི”གཟི་བརྗིད་མཚན་སྙན་ཐོབ་མ་ཐག་པའི་ལེང་ཧང་ཧྲོ་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་།