ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

མཚོ་སྔོན་ཞིང་ཆེན་གྱིས་བྱིས་པ་སྐྱོབ་རོགས་དང་སྲུང་སྐྱོང་གི་ཐད་སྦྲེལ་ཁ་པར“12349”ཤར་གཏོང་བྱས་པ།

2021-01-12 14:34:00     责编:卓玛才让

མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ལོ་གསར་གྱི་སྔ་ནུབ་ཏུ་མཚོ་སྔོན་ཞིང་ཆེན་གྱིས་བྱིས་པ་སྐྱོབ་རོགས་དང་སྲུང་སྐྱོང་གི་ཐད་སྦྲེལ་ཁ་པར“12349”ཤར་གཏོང་བྱས་པ་དེ་ཐོག་ནས་ཞིང་ཆེན་ཡོངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལས་དོན་སྤེལ་འགོ་ཚུགས་པ་མཚོན་ཡོད།

ཤེས་རྟོཌ་བྱུང་བར་གཞིགས་ན། བྱིས་པ་སྐྱོབ་རོགས་དང་སྲུང་སྐྱོང་གི་ཐད་སྦྲེལ་ཁ་པར“12349”གྲོང་ཁྱེར་དང་ཀྲོའུ་ཁག་ཞབས་ཞུའི་ཁྱབ་ཁོངས་ལ་བརྩིས་ནས། “མཚོ་སྔོན་གྱི་ཞིང་ཆེན་རིམ་པས་འགན་གཙོ་བོ་འཁུར་བ་དང་། གྲོང་ཁྱེར་དང་ཀྲོའུ་རིམ་པས་བདག་སྤྲོད་བྱེད་པ། རྫོང་དང་ཆུས་རིམ་པས་ཐག་གཅོད་བྱེད་པ”བཅས་དང“གཅིག་གྱུར་ལས་སྟེགས་དང་། ཨང་གྲངས་གཅིག་གིས་ཕྱི་ཕྱོགས་དང་སྦྲེལ་མཐུད་ཐུབ་པ། གཅིག་སྡུད་བདག་སྤྲོད། རིམ་པ་བཞིན་ཞུགས་པ། དུས་བཅད་སྒྲུབ་གཉེར། གཅིག་གྱུར་ལན་འདེབས”བཅས་ཀྱི་རྩ་དོན་གཞིར་བཟུང་། ཞབས་ཞུའི་བརྒྱུད་རིམ་གདུབ་ཟུམ་ཅན་དང་། ཞབས་ཞུའི་མ་ལག་དྲ་རྒྱ་ཅན། ཐོན་ཁུངས་སྦྲེལ་མཐུད་ནུས་ཆེ་ཅན། མ་ལག་ནུས་པ་རིག་ནུས་ཅན་བཅས་ཀྱི“གཅིག་འཐུས་རྣམ་པའི”དཀའ་ངལ་ཡོད་པའི་བྱིས་པའི་སྐྱོབ་རོཌ་དང་སྲུང་སྐྱོང་གི་ཐད་སྦྲེལ་ཁ་པར་ཞབས་ཞུའི་ཕྱོགས་བསྡུས་ལས་སྟེགས་བཏོད་ཡོད།

བྱིས་པ་སྐྱོབ་རོགས་དང་སྲུང་སྐྱོང་གི་ཐད་སྦྲེལ་ཁ་པར“12349”ཤར་གཏོང་བྱས་པ་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་འཚོལ་ཞིབ་བྱས་པའི་དཀའ་ངལ་ཡོད་པའི་བྱིས་པ་སྐྱོབ་རོགས་དང་སྲུང་སྐྱོང་བྱེད་པའི་ནུས་ལྡན་ཞབས་འདེགས་ཞུ་སྟངས་ཤིག་རེད་ལ། བྱིས་པའི་ཁེ་དབང་གཞན་གྱི་སྔོན་ལ་སྲུང་སྐྱོང་དང་ཁེ་ཕན་ཆེ་རུ་གཏོང་བའི་རྩ་དོན་མཐའ་འཁྱོངས་བྱས་ནས་བྱིས་པའི་སྐྱོབ་རོགས་དང་སྲུང་སྐྱོང་མ་ལག་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཀྱང་རེད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有