ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ས་མཐོའི་བུ་བཅོལ་ཁང་དུ་སྒྲིག་བཀོད་གསར་པ་འབྱོར་བ།

2020-11-20 10:16:00     责编:sangjzm

ཚོས་གཞི་སྣ་ཚོཌ་ཀྱི་བྱིས་པའི་རྐང་འཁོར་མང་པོ་ཞིག་གྲལ་འགྲིག་པོས་ལུས་རྩལ་ཐང་དུ་བཞག་ཡོད་པ་དང་། རྐང་འཁོར་རེའི་འཁྲིས་སུ་རྨོག་ཞྭ་དང་སྲུང་སྐྱོང་ཡོ་ཆས་རེ་བཞག་འདུག ཉེ་སར་བསྐྱོད་ནས་ལྟ་སྐབས་བྱིས་པའི་རྐང་འཁོར་དེ་དག་རྒྱུན་གཏན་གྱི་རྐང་འཁོར་དང་མི་འདྲ་བར་ཚང་མར་ཡོབ་མི་འདུག

“རྐང་འཁོར་ཆུང་ཆུང་འདིར་ཡོབ་མེད་པ་གང་རེད”ཅེས་གྲོགས་པོ་ཆུང་ཆུང་ཞིག་གིས་ཕའི་ལག་ནས་འཇུས་ཏེ་སྐད་ཆ་བྲིས།
ཕྲུ་གུས་བཏོན་པའི་ལན་དེར་ཕས་ཐད་ཀར་ལན་རྒྱག་མི་ཐུབ། དེ་མུར་ཉེ་འགྲམ་དུ་ཡོད་པའི་ལས་དོན་མི་སྣས་འདི་ནི་རྐང་འཁོར་མ་རེད། འགྲེང་སྐྱོད་འཁོར་ལོ་རེད། མིང་གཞན་ལ་བྱིས་པའི་དོ་མཉམ་འཁོར་ལོ་ཡང་ཟེར། དེ་ནི་ཆེད་མངཌ་ལོ་2ནས་8བར་གྱི་བྱིས་པར་དམིཌ་ནས་འཆར་འགོད་བྱས་པ་ཞིག་རེད།

བྱིས་པའི་རྐང་ལག་བཞིའི་དོ་མཉམ་ནུས་པ་ཆེ་རུ་གཏོང་བའི་དོ་མཉམ་འཁོར་ལོ་འདི་དག་ནི་ཚེས་17ཉིན་གྱི་སྔ་དྲོ་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་དུ་དབོར་བ་དང་། དེ་ནི་ཆེད་མངགས་ཕྲུ་གུ་ཚོའི་སློབ་ཁྲིད་ལ་དམིགས་པ་ཞིག་རེད། ད་ཐེངས་ཀྱི་སློབ་ཁྲིད་བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི“2020ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་རྣམ་གྲངས་སློབ་གྲྭར་སྤེལ་བའི”རིམ་སྤེལ་བྱེད་སྒོའི་གྲས་ཤིག་རེད།

ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གི་ཡོན་ཀྲང་ཕུར་སྒྲོན་གྱིས། འདི་ནི་བོད་ཀྱི་སྐབས་དང་པོའི“བྱིས་པའི་དོ་མཉམ་འཁོར་ལོའི་ལུས་སྦྱོང་སློབ་གྲྭར་སྤེལ་བའི”བྱེད་སྒོ་ཞིག་ཡིན་ཞིང་། དོ་མཉམ་འཁོར་ལོས་བྱིས་པ་ཚོའི་ལུས་རྩལ་བྱེད་སྒོའི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཕྲུ་གུ་ཚོས་སྤྲོ་སྣང་ལྡན་པའི་ལུས་སྦྱོང་བྱེད་སྟངས་དེ་བས་མང་བར་རྒྱུས་མངའ་ཡོང་བ་བྱས་ན་ལུས་སྦྱོང་ལ་དགའ་ཞེན་དང་གཟུགས་པོར་སྦྱོང་བརྡར་བྱེད་པའི་གོམས་གཤིས་བཟང་པོ་འཇགས་རྒྱུར་ཕན་པ་ཡོད་ཅེས་བཤད་པ་རེད།

འདི་ལོ་ལོ་ལྔ་ལ་སླེབས་པའི་བསྟན་འཛིན་ཐུབ་དགའ་ཡིས་ལོ་གསུམ་ནས་བཟུང་དོ་མཉམ་རྐང་འཁོར་སྦྱངས་ཡོད། ད་ཆ་བྱང་ཆ་དོད་པོས་ལུས་རྩལ་ཐང་དུ་དོ་མཉམ་འཁོར་ལོ་བཏང་ནས་སྐོར་བ་རྒྱག་ཐུབ་ཀྱི་ཡོད། ཆུང་དུས་ནས་དོ་མཉམ་འཁོར་ལོ་གཏོང་མྱོང་མེད་པའི་ཕྲུ་གུ་ཚོས་ཀྱང་རྒན་ལགས་ཀྱི་མཛུབ་སྟོན་འོག་ལམ་སེང་གཏོང་ཐུབ་ཀྱི་ཡོད།

དོ་མཉམ་འཁོར་ལོའི་རྣམ་གྲངས་བུ་བཅོལ་ཁང་དུ་ལག་ལེན་གཏིང་ཟབ་བསྟར་ཆེད། བུ་བཅོལ་ཁང་ཕྱོགས་ཀྱིས་བོད་ལྗོངས་བློ་བདེ་ཁམས་བཟང་ལུས་རྩལ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་བུ་བཅོལ་ཁང་གི་དགེ་རྒན་དྲུག་དོ་མཉམ་འཁོར་ལོ་སྦྱོང་བར་བཏང་སྟེ། སློབ་ཕྲུག་ཚོར་དོ་མཉམ་འཁོར་ལོ་བསླབ་ཏུ་འཇུག་གི་ཡོད།

བུ་བཅོལ་ཁང་གི་ལུས་རྩལ་དགེ་རྒན་ཝང་ཧུའུ་ཧྲེང་གིས། ང་དང་དགེ་རྒན་གཞན་དག་དྲུག་མཉམ་དུ་ཆུ་ཚོད་48སྦྱངས་ནས། ཕྲུ་གུར་དོ་མཉམ་འཁོར་ལོ་སློབ་པའི་ལུས་སྦྱོང་གི་རྩལ་ནུས་ཁག་གཅིག་ཁོང་དུ་ཆུད་བྱུང་།

སློབ་མའི་ཁྱིམ་བདག་ཕུར་ཚེས“ངའི་ཕྲུ་གུ་རྐང་འཁོར་གཏོང་རྒྱུར་དགའ་པོ་ཡོད། བུ་བཅོལ་ཁང་དུ་དོ་མཉམ་འཁོར་ལོ་བསླབས་ན། བུས་རྗེས་མ་རྐང་འཁོར་ལམ་སེང་སྦྱོང་ཐུབ་པ་མ་ཟད། ད་དུང་གཟུགས་པོར་སྦྱོང་བརྡར་ཡང་བྱེད་ཐུབ། རྗེས་མ་ཡིན་ཅིག་བུར་གཅིག་ཉོ་གི་ཡིན”ཞེས་བརྗོད།

ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

ས་མཐོའི་བུ་བཅོལ་ཁང་དུ་སྒྲིག་བཀོད་གསར་པ་འབྱོར་བ།

ཚོས་གཞི་སྣ་ཚོཌ་ཀྱི་བྱིས་པའི་རྐང་འཁོར་མང་པོ་ཞིག་གྲལ་འགྲིག་པོས་ལུས་རྩལ་ཐང་དུ་བཞག་ཡོད་པ་དང་། རྐང་འཁོར་རེའི་འཁྲིས་སུ་རྨོག་ཞྭ་དང་སྲུང་སྐྱོང་ཡོ་ཆས་རེ་བཞག་འདུག ཉེ་སར་བསྐྱོད་ནས་ལྟ་སྐབས་བྱིས་པའི་རྐང་འཁོར་དེ་དག་རྒྱུན་གཏན་གྱི་རྐང་འཁོར་དང་མི་འདྲ་བར་ཚང་མར་ཡོབ་མི་འདུག