ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལྕགས་ལམ་གྲང་ཕྲེང་མྱུར་འདྲེན་གྱིས་བོད་ཀྱི་འཁྱག་གཏོང་སོས་ཉར་བཟའ་བཅའ་རྒྱལ་ཡོངས་སུ་མཁོ་འདོན་བྱེད་རོགས་བྱས་པ།

2020-11-20 10:16:00     责编:sangjzm

ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ས་མཐོའི་བོད་བྱ་100མེ་འཁོར་Z6802ནང་བླུགས་ཏེ་ལྷ་ས་ནས་དབོར་འགོ་ཚུགས་ཤིང་། དེ་ནི་ལྷ་ས་ནས་པེ་ཅིང་དུ་དབོར་བའི་ལྕགས་ལམ་གྱི་མྱུར་འདྲེན་གློག་རྡུལ་ཚོང་དོན་དངོས་ཟོག་ཁག་དང་པོ་རེད། ས་མཐོའི་བྲོ་ཞིམ་བཟའ་བཅའ་སོས་པ་དེ་དག་ཟླ་11ཚེས་15ཉིན་པེ་ཅིང་འབབ་ཚུགས་ནུབ་མར་འབྱོར་ཏེ་བོད་ཀྱི་ཁྱད་ལྡན་ཐོན་རྫས་འཁྱག་གཏོང་སོས་ཉར་ནུས་ལྡན་ཐུབ་པ་དང་བཟོ་གྲྭ་ནས་པེ་ཅིང་བར་ཉིན་གཉིས་ལས་འགོར་གྱི་མེད།

འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་འོག་གི་ཟོག་འགྲེམས་ཚོང་རའི་དགོས་མཁོ་དང་འཚམ་ཆེད། ལྕགས་ལམ་སྡེ་ཚན་གྱིས་ཟླ་11ཚེས་1ཉིན་ནས་བཟུང་། “བཅུ་གཅིག་ཟུང”གི་དྲ་ཐོག་ཚོང་དོན་གྱི་རྫོགས་ལྡན་གཟའ་འཁོར་གྱི་སྐྱེལ་འདྲེན་ཞབས་ཞུ་སྒྲུབ་འགོ་ཚུགས་ནས་ཟླ་11ཚེས་20ཉིན་བར་སྐྱེལ་འདྲེན་དུས་ཡུན་སྔོན་ཆད་ཀྱི་ཉིན་10ནས་ཉིན་20བར་རིང་དུ་བཏང་ཡོད།

ལྷ་ས་མེ་འཁོར་བབས་ཚུགས་ཀྱི་འབྲེལ་ཡོད་འགན་འཁུར་བས། འདི་ལོ་ལྕགས་ལམ་སྡེ་ཚན་གྱིས་མྱུར་བགྲོད་ལྕགས་ལམ་གྱི་དྲ་གྲུབ་འཁོར་སྐྱོད་དང་བདེ་འཇགས་མགྱོགས་མྱུར་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྐྱེལ་འདྲེན་མཁོ་སྤྲོད་ལེགས་སུ་བཏང་ནས་ཟོག་འགྲེམས་ཞབས་ཞུ་མང་པོ་གསར་གཏོད་ཀྱིས་གྲོང་ཁྱེར་དབར་གྱི་མྱུར་སྐྱེལ་འབོར་ཆེན་གྱི་སྐྱེལ་འདྲེན་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་བ་དང་། དྲ་ཐོག་ཚོང་དོན་དང་མྱུར་སྐྱེལ་ཁེ་ལས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་སྐྱེལ་འདྲེན་བྱེད་ནུས་འདང་ངེས་མཁོ་འདོན་གྱིས་ལྕགས་ལམ་འགྲུལ་བཞུད་ཐོན་རྫས་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། མྱུར་ཚད་དཀྱུས་མའི་མེ་འཁོར་གྱི་རྡོག་ཁྲེས་དབོར་འདྲེན་འཁོར་ཁང་ཁག་གཅིག་སྤྱད་པ་དང་རང་བདག་ཤེས་བྱའི་བདག་དབང་ཡོད་པའི་ལྕགས་ལམ་གྲང་ཕྲེང་མྱུར་འདྲེན་སྒམ་ཐོག་མར་སྤྱད་ནས་བཟའ་བཅའི་གྲང་ཕྲེང“འཁྱག་གཏོང་སོས་ཉར་ཐོན་རྫས”དང་། དེ་བཞིན་སྨན་རྫས་གྲང་ཕྲེང“དྲོད་ཚད་གཏན་འཁེལ་ཐོན་རྫས”སོགས་ཐོན་རྫས་གསར་པ་ལེ་ལག་ཚང་བའི་ངང་བཏོན་ནས་ཁྱད་ལྡན་ཞིང་ལས་ཐོན་རྫས་སོས་པ་དང་སྨན་རྫས་ཚོད་རྫས་ཚོང་རའི་སྐྱེལ་འདྲེན་གྱི་དགོས་མཁོ་དང་ཚོང་ཤག་གི་དགོས་མཁོ་བསྐངས་ཏེ་གཙོ་བོ་ནང་སོག་དང་། ཤིན་ཅང་། བོད་ལྗོངས་སོགས་ས་ཁུལ་གྱི་ཚགས་ཤ་དང་། ལུག་ཤ རྔ་མོང་གི་འོ་མ་སོགས་ཐོན་སྐྱེད་ཁེ་ལས་ལ་བཟའ་བཅའ་གྲང་ཕྲེང་སྐྱེལ་འདྲེན་གྱི་ཞབས་ཞུ་མཁོ་འདོན་གྱིས་དབུལ་སྐྱོར་ལ་བརྟེན་ནས་ཞིང་པར་རོགས་རམ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

ལྕགས་ལམ་གྲང་ཕྲེང་མྱུར་འདྲེན་གྱིས་བོད་ཀྱི་འཁྱག་གཏོང་སོས་ཉར་བཟའ་བཅའ་རྒྱལ་ཡོངས་སུ་མཁོ་འདོན་བྱེད་རོགས་བྱས་པ།

ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ས་མཐོའི་བོད་བྱ་100མེ་འཁོར་Z6802ནང་བླུགས་ཏེ་ལྷ་ས་ནས་དབོར་འགོ་ཚུགས་ཤིང་། དེ་ནི་ལྷ་ས་ནས་པེ་ཅིང་དུ་དབོར་བའི་ལྕགས་ལམ་གྱི་མྱུར་འདྲེན་གློག་རྡུལ་ཚོང་དོན་དངོས་ཟོག་ཁག་དང་པོ་རེད། ས་མཐོའི་བྲོ་ཞིམ་བཟའ་བཅའ་སོས་པ་དེ་དག་ཟླ་