ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བོད་ལྗོངས་ཀྱིས་རི་སྐྱེས་དང་ཆུ་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བ།

2020-11-20 10:14:00     责编:sangjzm

ཚེས་17ཉིན། རང་ཉིད་ནས་འགོ་བརྩམས་ཏེ“ཆུ་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་དང་འགྱིག་ཤོག་ཉུང་ཙམ་སྤྱོད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རང་ལྗོངས་ཀྱི་ཆུ་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་གྲོང་ཚོར་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ། ཆུ་སྐྱེས་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་འགྲེམས་པང་ལ་ལྟ་བ་དང་ཆེད་དོན་འཆད་ཁྲིད་ཉན་པ་སོགས་ཀྱི་བྱ་ཐབས་བརྒྱུད། འགྱིག་ཤོག་གིས་ཆུ་སྐྱེས་སྲོག་ཆགས་ལ་བཟོས་པའི་གནོད་འཚེ་མཚོན་པར་བྱས་པ་རེད། ཐད་མཐོང་པར་རིས་དང་གྲངས་གཞི་ཁག་གཅིག་བརྒྱུད། ལྟ་སྐོར་བ་ཚོར་མཚོ་འགྲམ་ས་ཁུལ་དུ་ལོ་ལྟར་འགྱིག་ཤོག་གད་སྙིགས་ཏུན་དུང་ཕྱུར་3ལྷག་ཙམ་ཐོན་པ་དང་། དེའི་ནང་གི་འགྱིག་ཤོག་གད་སྙིགས་ཏུན་ཁྲི་800ལྷག་ཙམ་རྒྱ་མཚོའི་ནང་དིམ་པ་ཕལ་ཆེར་འགྱིག་དམ་དུང་ཕྱུར་5000ཙམ་ཡོད་པ་དང་གཅིག་མཚུངས་རེད་ཅེས་ངོ་སྤྲོད་བྱས་པ་རེད།

བྱེད་སྒོ་མཇུག་འགྲིལ་རྗེས། འཆད་འགྲེལ་བ་གཙོ་བོས་ལྟད་མོ་བ་དང་མཉམ་དུ་སྒོ་དབྱེ་རྣམ་པའི་ཕན་ཚུན་གླེང་མོལ་བྱས་ཏེ། “འགྱིག་ཤོག་བེད་སྤྱོད་ཉུང་ཙམ་གཏོང་བ་དང་བོད་ཀྱི་ཆུ་སྐྱེས་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་དེ་བས་ལེགས་པ་ཇི་ལྟར་བྱེད་དགོས་པ”སོགས་ཀྱི་འབྲེལ་ཡོད་གནད་དོན་ལ་མཉམ་དུ་གྲོས་བསྡུར་དང་། འགྱིག་ཤོག་བེད་སྤྱོད་ཉུང་ཙམ་གཏོང་བའི་ཐབས་ཤེས་བཟང་པོ་དང་བྱ་ཐབས་མཉམ་སྤྱོད་ཧུར་ཐག་བྱས་པ་རེད།

ཚེས་18ཉིན། རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་ཆུ་ཐོན་སུའོ་ཡིས་ད་དུང་དང་བླངས་པ་དང་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ། ལྷ་སའི་སྐྱིད་ཆུར“འགྱིག་ཤོག་གི་སྦགས་བཙོག”གཙང་སེལ་གྱི་བྱེད་སྒོ་སྤེལ་བ་རེད། དེ་རྗེས་ཞིང་འབྲོག་ཁུལ་དུ་བསྐྱོད་ནས་འགྱིག་ཤོག་བེད་སྤྱོད་ཉུང་ཙམ་གཏོང་བའི་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་དཔྱད་གཞི་སྤྲད་དེ། རང་ལྗོངས་ཀྱི་མང་ཚོགས་ཚོས་མིག་སྔའི་ཆུ་སྐྱེས་དང་རི་སྐྱེས་སྲོག་ཆགས་ཀྱི་ད་ཡོད་གནས་ཚུལ་ལ་ཤེས་རྟོགས་དང་ངོས་འཛིན་ཟབ་ཏུ་བཏང་བ་རེད།

བྱེད་སྒོར་ཚང་མས་ཉེ་འགྲམ་གྱི་གཉེན་ཉེ་དང་གྲོགས་པོ་གྲོགས་མོར་འགྱིག་ཤོག་བེད་སྤྱོད་ཉུང་ཙམ་གཏོང་བ་དང་། འབྱུང་རྩ་ནས་འགྱིག་ཤོག་དང་སྤྱོད་གཅིག་མའི་འགྱིག་ཤོག་ཐོན་རྫས་བེད་སྤྱོད་ཉུང་དུ་བཏང་སྟེ། རྒྱུན་གཏན་འཚོ་བའི་ནང“སྤྱོད་མི་དགོས་ཚེ་མི་སྤྱོད་པ་དང་། བེད་སྤྱོད་ཉུང་ཙམ་བཏང་ནས”མི་དེ་བས་མང་བ་འགྱིག་ཤོག་བེད་སྤྱོད་ཉུང་ཙམ་གཏོང་བའི་བྱ་སྤྱོད་ལ་ཞུགས་ཏེ་ལྗང་མདོག་འཚོ་བའི་ལག་ལེན་པ་ཞིག་བྱེད་རྒྱུའི་འབོད་སྐུལ་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།

ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་། ལྗོངས་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་སོགས་ཚན་པའི་མི་50ལྷག་ཙམ་ད་ཐེངས་ཀྱི་བྱེད་སྒོར་ཞུགས་པ་དང་། བྱེད་སྒོ་སྤེལ་རིང་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་500ལྷག་ཙམ་སྤྲད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

བོད་ལྗོངས་ཀྱིས་རི་སྐྱེས་དང་ཆུ་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བ།

བྱེད་སྒོ་སྤེལ་ཡུལ་དུ། ཆུ་སྐྱེས་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་འགྲེམས་པང་ལ་ལྟ་བ་དང་ཆེད་དོན་འཆད་ཁྲིད་ཉན་པ་སོགས་ཀྱི་བྱ་ཐབས་བརྒྱུད། འགྱིག་ཤོག་གིས་ཆུ་སྐྱེས་སྲོག་ཆགས་ལ་བཟོས་པའི་གནོད་འཚེ་མཚོན་པར་བྱས་པ་རེད།