ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

2020-11-19 10:27:00     责编:卓玛才让

སྤྱི་ཚེས་18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། དུས་ཚོད་དམ་འཛིན་གྱིས་ས་ཁོངས་ཁྱོན་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ལག་བསྟར་བྱེད་པའི་རྒྱལ་ནང་གི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། འཛད་སྤྱོད་ཆེ་གྲས་དང་འཛད་སྤྱོད་གཙོ་གྲས་མཐོར་གཏོང་དང་གྲོང་གསེབ་ཀྱི་འཛད་སྤྱོད་ནུས་པ་འདོན་སྤེལ་བྱ་རྒྱུར་བཀོད་སྒྲིག་བྱེད་པ། འཛད་སྤྱོད་རིམ་སྤོར་ལ་འཚམས་པ་དང་དྲ་རྒྱ་སྣོན་ཡུལ་སྐོར་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་གཏན་འཁེལ་བྱེད་པ་བཅས་ཀྱི་བླང་བྱ་བཏོན་པ་མ་ཟད་ཉེན་ལྡན་ཆུ་མཛོད་བརྟན་དུ་གཏོང་བའི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་གསན་ནས་ནུས་ལྡན་གྱི་མ་འཇོག་མང་དུ་བཏང་ནས་གནོད་འགོག་དང་ཆུ་འདོན་འགན་སྲུང་ནུས་པ་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

གྲོས་ཚོགས་ཐོག ཆུ་ཚད་མཐོ་བའི་ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཉིན་ཤས་གོང་མིང་རྟགས་བཀོད་པའི་ས་ཁོངས་ཁྱོན་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ལས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་ཀྱིས་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོབ་བྱ་འདོད་ཡོད་པའི་ཐུན་མོང་གི་འདུན་པ་མཚོན་ཡོད། འཛམ་གླིང་ཐོག་ཆེ་ཤོས་ཀྱི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་བྱེད་པ་དེས་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་དུ་གཏོང་རྒྱུར་ཕན་ཐོགས་ཡོད་ལ། འབྲེལ་ཡོད་རྒྱལ་ཁབ་ཀྱི་མི་དམངས་ལའང་ཕན་བདེ་སྐྲུན་ཐུབ་ཅེས་བསྟན་ཡོད། གྲོས་ཚོགས་ཐོག འབྲེལ་ཡོད་ཚན་པས་གྲོས་ཆོད་ཐོག་གཏན་འཁེལ་བའི་དུས་ཚོད་རེའུ་མིག་གང་མགྱོགས་ལག་བསྟར་བྱེད་དགོས་པ་དང་། བསྒྱུར་བཅོས་ཟབ་ཏུ་གཏོང་རྒྱུར་དམ་འཛིན་བྱེད་པ། གྲོས་ཆོད་ལག་བསྟར་བྱེད་པའི་རྒྱལ་ནང་གི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་པ། ཁས་ལེན་གང་མགྱོགས་དོན་འཁྱོལ་ཐུབ་པ་བྱེད་པ། ཕན་ཚུན་བར་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཁྲོད་ནས་གཉིས་ཕན་མཉམ་རྒྱལ་ཐུབ་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།།

གྲོས་ཚོགས་ཐོག ད་ལོའི་འཛད་སྤྱོད་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས་རྒྱུན་གཏན་གྱི་འཕར་སྣོན་སླར་གསོ་བྱེད་པར་དཀའ་ངལ་མང་ཙམ་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ནང་མཁོ་རྒྱ་བསྐྱེད་གཏོང་བའི་འཐབ་ཇུས་ལག་བསྟར་གྱིས་འཛད་སྤྱོད་ལ་སྔར་བས་སྐུལ་འདེད་གཏོང་དགོས། གཅིག་ནས། རླངས་འཁོར་གྱི་འཛད་སྤྱོད་མཐོ་རུ་གཏོང་དགོས། ས་གནས་ཁག་གིས་རླངས་འཁོར་ཨང་གྲངས་དམིགས་ཚད་མང་དུ་གཏོང་རྒྱུར་རྒྱུར་སྐུལ་མ་གཏོང་དགོས། རེ་འཁོར་གསར་པའི་རླངས་འཁོར་གཤམ་སྐྱོད་དང་རྙིང་ཚབ་གསར་བརྗེ་བྱེད་པའི་བྱེད་སྒོ་སྤེལ་བ་དང་། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་གྲོང་གསེབ་ཀྱི་གྲོང་མིར་ལྗིད་ཚད་ཏུན་3.5མན་བླུགས་ཆོག་པའི་ཟོག་འདྲེན་རླངས་འཁོར་ཆུང་གྲས་ཉོ་སྒྲུབ་བྱེད་པ་དང་། སྣུམ་ཚད་1.6མན་གྱི་རྒྱུན་སྤྱོད་རླངས་འཁོར་ཉོ་སྒྲུབ་བྱེད་པ། གྲོང་མིས་རྒྱལ་ཁབ་ཀྱི་དུས་མཚམས་གསུམ་པའི་འབུད་བཤངས་ཚད་གཞིའི་རླངས་འཁོར་རམ་དེ་ལས་དམའ་བའི་འབུད་བཤངས་ཚད་གཞིའི་རླངས་འཁོར་དོར་བ་མ་ཟད་རླངས་འཁོར་གསར་པ་ཉོ་བར་ཁ་གསབ་སྤྲོད་པ་བཅས་བྱེད་དགོས་པའི་སྐུལ་མ་གཏོང་དགོས། གཉིས་ནས། ཁྱིམ་གྱི་གློག་ཆས་དང་ཁྱིམ་ཆས། ཁྱིམ་ཚང་མཛེས་བཟོ་སོགས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས། ས་གནས་ཀྱིས་ཁྱིམ་ཆས་དང་གློག་ཆས་རྙིང་པ་དོར་ནས་སྦགས་མེད་རིག་ནུས་ཅན་གྱི་གློག་ཆས་དང་ཁོར་སྲུང་ཁྱིམ་ཆས་གསར་པ་ཉོ་བར་ཁ་གསབ་སྤྲོད་རྒྱུའི་སྐུལ་མ་གཏོང་དགོས། གསུམ་ནས། ཟ་འཐུང་འཛད་སྤྱོད་ཤུགས་ཆེར་གཏོང་དགོས། ཟ་འཐུང་ཁེ་ལས་ཀྱིས་ཚལ་རིགས་མང་དུ་གཏོང་བ་དང་ཁེ་གཉེར་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་མ་གཏོང་དགོས། ཕུལ་བྱུང་གི་ཁྱད་ལྡན་ཟས་རིགས་འོས་སྦྱོར་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། བཞི་ནས། རྫོང་དང་ཤང་གྲོང་གི་འཛད་སྤྱོད་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་བོར་བཟུང་ནས་གྲོང་གསེབ་ཀྱི་འཛད་སྤྱོད་ལ་སྣེ་ཁྲིད་བྱེད་དགོས། རྫོང་དང་ཤང་གྲོང་གི་ཚོང་དོན་སྒྲིག་ཆས་དང་གྲོང་ཚོར་འབྱོར་བའི་ཟོག་འདྲེན་ས་ཚིགས་སོགས་འཛུགས་སྐྲུན་བྱ་རྒྱུ་མགྱོགས་སུ་གཏོང་དགོས། རྫུན་ལྷད་ཞན་གསུམ་ལ་རྡུང་རྡེག་གིས་གྲོང་གསེབ་ཀྱི་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་དགོས།

རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་འོག་ཏུ་ཡུལ་སྐོར་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད། གྲོས་ཚོགས་ཐོག་དྲ་རྒྱ་སྣོན་ཡུལ་སྐོར་ཞེས་པའི་གོང་འཕེལ་གྱི་བྱ་ཐབས་བཏོན་ཡོད། རིག་ནུས་ཡུལ་སྐོར་ལྗོངས་ཁུལ་གཏོད་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། ལྗོངས་ཁུལ་གྱིས་དྲ་ཐོག་ཏུ་ཚོང་གཉེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་མ་གཏོང་བ། ཡུན་ཡུལ་སྐོར་སོགས་ལས་རྣམ་གསར་པའི་གོང་འཕེལ་ལ་ཁྲིད་སྟོན་བྱེད་དགོས། ཁོག་ཡངས་གཟབ་ནན་གྱི་ལྟ་སྐུལ་བྱ་རྒྱུ་འཐུས་སྒོ་ཚང་དུ་བཏང་ནས་མགོ་སྐོར་བསླུ་བྲིད་ལ་རྡུང་རྡེག་གཏོང་དགོས་པ་བཅས་སྟོན་ཡོད་པ་རེད།

ཆུ་མཛོད་ཀྱིས་འབྲུབ་འགོག་གནོད་སེལ་དང་ཆུ་འདོན་འགན་སྲུང་། ཞིང་ལས་ཆུ་འདྲེན་སོགས་ཀྱི་ཐད་གལ་ཆེའི་ནུས་པ་འདོན་བཞིན་ཡོད། ཉེ་བའི་ལོའི་རིང་། རང་རྒྱལ་གྱིས་ཉེན་ལྡན་ཆུ་མཛོད་7ཁྲི་2སྟོང་བརྟན་དུ་བཏང་ཡོད། གྲོས་ཚོགས་ཐོག ས་གནས་ཀྱི་འགན་འཁྲི་དོན་འཁྱོལ་གྱིས་ཀྲུང་དབྱང་གི་ཁ་གསབ་མ་དངུལ་བེད་སྤྱོད་ཡག་པོ་བྱེད་པ་དང་། ས་གནས་དང་དམངས་ཁྲོད་ཀྱི་མ་དངུལ་སྐུལ་སློང་ཡག་པོ་བྱེད་པ། ནུས་ལྡན་གྱི་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། ད་ཡོད་ཀྱི་ཉེན་ལྡན་ཆུ་མཛོད་རྣམས་སྤྱི་ལོ་2025ལོའི་ལོ་མཇུག་གོང་དུ་ཉེན་སེལ་བརྟན་གཏོང་བྱ་རྒྱུ་ལེགས་གྲུབ་ཐུབ་པ་བྱེད་པ། གསར་དུ་ཐོན་པའི་ཉེན་ལྡན་ཆུ་མཛོད་ལ་དུས་ཐོག་ཏུ་ཉེན་སེལ་བརྟན་གཏོང་བྱེད་པ། ལྟ་ཞིབ་ཉེན་ཟོན་དང་དོ་དམ་སྲུང་སྐྱོབ་སྒྲིག་གཞི་འཐུས་ཚང་བཙུགས་ནས་ཆུ་མཛོད་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་བླང་བྱ་སྟོན་ཡོད།

གྲོས་ཚོགས་ཐོག དེ་མིན་གྱི་བྱ་དོན་གཞན་གྱི་ཐད་ཞིབ་འཇུག་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

སྤྱི་ཚེས་18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། དུས་ཚོད་དམ་འཛིན་གྱིས་ས་ཁོངས་ཁྱོན་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ལག་བསྟར་བྱེད་པའི་རྒྱལ་ནང་གི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་།