ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བོད་ལྗོངས་ཀྱིས་ནད་ཡམས་འགོག་ཟོན་ལས་ཀར་ཤུགས་སྣོན་བརྒྱབ།

2020-11-19 09:59:00     责编:卓玛才让

ཉེ་དུས། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཡིས། ནད་ཡམས་འགོག་ཟོན་ལས་ཀའི་ཆེད་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་སྔར་བས་ལག་བསྟར་དོན་འཁྱོལ་དང་། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་བཏོན་གནང་བའི་བླང་བྱ་གཞིར་བཟུང་། འཁྱགས་བཏང་ཟས་རིགས་ནང་འདྲེན་དང་མཐའ་མཚམས་སུ་ནད་ཡམས་འགོག་ཟོན་སོགས་ལ་ཞིབ་འཇུག་གནང་བ་དང་། མངོན་མེད་ཉེན་ཁ་དབྱེ་ཞིབ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

ཅང་ཅེ་ནས་མི་དང་དངོས་ཟོག་ནས་ནད་ཡམས་འགོས་ཁྱབ་ཡོང་རྒྱུ་མཉམ་འགོག་དང་། གཙོ་གནད་མངོན་ཆེར་འཛིན་པ། བྱ་ཐབས་ནུས་ལྡན་བཟུང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་མཐའ་མཚམས་ནས་ནད་ཡམས་འགོས་ཁྱབ་ཡོང་རྒྱུར་བཀག་འགོག་བྱེད་དགོས་པ་དང་། འགག་སྒོ་གཙོ་བོར་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཁྱགས་བཏང་ཟས་རིགས་སྐྱེལ་འདྲེན་དང་ཁྲོམ་རའི་ལྷུ་ཚིགས་ཀྱི་ལྟ་སྡོམ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། ད་ཡོད་ཀྱི་བཟའ་བཅར་ཞིབ་བཤེར་བྱེད་དགོས་པ་ཚང་མར་ཞིབ་བཤེར་བྱས་ནས་ནང་འདྲེན་བཟའ་བཅའ་བརྒྱུད་ནད་དུག་ནང་དུ་མི་ཁྱབ་པ་བྱེད་དགོས་པ། ཆུ་མ་ཤོར་གོང་ནས་རག་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ནས། ཉེ་དུས་ནང་འདྲེན་བྱས་པའི་དངོས་ཟོག་ཚང་མར་དུག་སེལ་བྱས་ཏེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ནད་ཡམས་ཕྱི་ནས་འགོས་ཁྱབ་མ་ཡོང་བ་སྔོན་འགོག་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

བོད་ལྗོངས་ཀྱིས་ནད་ཡམས་འགོག་ཟོན་ལས་ཀར་ཤུགས་སྣོན་བརྒྱབ།

ཉེ་དུས། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཡིས། ནད་ཡམས་འགོག་ཟོན་ལས་ཀའི་ཆེད་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་སྔར་བས་ལག་བསྟར་དོན་འཁྱོལ་དང་།