ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ས་གནས་ཁག་ཏུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

2020-11-19 09:54:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་ནང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཁག་སོ་སོར་མཐོ་སློབ་དང་། ཧའེ་ནན། བོད་ལྗོངས་སོགས་ས་ཆར་སྐྱོད་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད། གཞི་རིམ་དུ་སྐྱོད་ནས་ལས་བྱེད་མང་ཚོགས་དང་བཞུགས་མོལ་གནང་ཡོད་པ་རེད།

ཉེ་དུས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། སློབ་གསོ་པུའི་པུའུ་ཀྲང་ཁྲེན་པའོ་ཧྲེང་གིས་སློབ་གསོའི་སྡེ་ཁག་ལ་སྒྲོག་འགྲེལ་སྙན་ཞུ་གནང་ཡོད་པ་རེད། པེ་ཅིང་གི་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་163དུ་དགེ་སློབ་ཁྱོན་14000ལྷག་གིས་སྙན་ཞུ་གསན་ཡོད་པ་རེད། ཁྲེན་པའོ་ཧྲེང་གིས་ད་དུང་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དང་། ཀྲུང་གོ་མི་དམངས་སློབ་ཆེན་དུ་སྐྱོད་ནས་དགེ་སློབ་རྣམས་དང་ཕན་ཚུན་སྤེལ་རེས་གནང་ཡོད།

ཉེ་དུས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་གོང་འཕེལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཀྲང་ལའེ་མིང་གིས་ཧའེ་ནན་དུ་སྒྲོག་འགྲེལ་སྙན་ཞུ་གནང་ཡོད་པ་དང་། ཁོང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གསལ་འགྲེལ་གཏིང་ཟབ་གནང་བ་དང་ཕྱོགས་ཡོངས་ནས་རྒྱས་བཤད་གཏིང་ཟབ་གནང་ཡོད། སྒྲོག་འགྲེལ་གནང་རིང་། ཀྲང་ལའེ་མིང་གིས་ད་དུང་སན་ཧྲ་གྲོང་ཁྱེར་ཡུང་ཤིང་གླིང་ཕྲན་དུ་སྐྱོད་ནས། གཞི་རིམ་དུ་ཡོད་པའི་ལས་བྱེད་མང་ཚོགས་ཚོ་དང་བཞུགས་མོལ་སྤེལ་རེས་གནང་ཡོད།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཀྲན་ཁྲེང་ཧྥུས་ཉིན་ཤང་གོང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྒྲོག་འགྲེལ་སྙན་ཞུ་གནང་བ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གསལ་འགྲེལ་གཏིང་ཟབ་གནང་ཡོད།

ཚོགས་མཇུག་སྒྲིལ་རྗེས། ཀྲེན་ཁྲེང་ཧྥུ་ཡིས་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་སུ་ཕེབས་ནས། སྡེ་ཁུལ་གྱི་མང་ཚོགས་དང་། གཞི་རིམ་ལས་བྱེད་པ་དང་བཞུགས་མོལ་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

 

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ས་གནས་ཁག་ཏུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་ནང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཁག་སོ་སོར་མཐོ་སློབ་དང་། ཧའེ་ནན། བོད་ལྗོངས་སོགས་ས་ཆར་སྐྱོད་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད།