ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བོད་ལྗོངས་སུ་བལྟོས་མེད་དབུལ་པོའི་རྣམ་པ་མེད་པར་བཟོས་ཡོད།

2020-10-17 10:30:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོའི་ལོ་མཇུག་བར། བོད་ལྗོངས་ཀྱི་རྫོང་དབུལ་པོ་74ཚང་མས་དབུལ་ཞྭ་ཕུད་ལ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2015ལོའི་ལོ་མཇུག་གི་སྒོར་1499ནས་2019ལོའི་སྒོར་9328བར་མང་དུ་ཕྱིན་ཡོད་པས། བལྟོས་མེད་དབུལ་པོའི་རྣམ་པ་མེད་པར་བཟོས་ཡོད།

བོད་ལྗོངས་ནི་རྒྱལ་ཡོངས་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཁྲོད་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གཅིག་པུ་དེ་ཡིན་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་ཐོག་མའི་དུས་སུ་རྒྱལ་ཡོངས་སུ་དབུལ་པོ་ཐོན་ཚད་མཐོ་ཤོས་དང་། དབུལ་པོའི་ཚད་གཞི་ཟབ་ཤོས། དབུལ་སྐྱོར་མ་གནས་མཐོ་ཤོས། དབུལ་སྒྲོལ་དཀའ་གནད་ཆེ་ཤོས་བཅས་ཀྱི་ས་ཁོངས་དེ་རེད། དེར་བརྟེན་ཏང་ཀྲུང་དབྱང་གིས་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བཟོས་པ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་འབད་འབུངས་ཡར་བརྩོན་བྱས་པས་གངས་ལྗོངས་ས་མཐོའི་ལོ་ངོ་སྟོང་ཕྲག་རིང་གི་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པ་བསྒྱུར་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 2016ལོ་ནས་བཟུང་། བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་398.9བཏང་ནས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་2984ལག་བསྟར་བྱས་ཏེ། མི་འབོར་དབུལ་པོ་ཁྲི་23.8དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱས་པས་མང་ཚོགས་ཁྲི་84ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ་965བསྐྲུན་ནས་མི་ཁྲི་26.6གནས་སྤོ་བྱས་ནས་སྡོད་པ་རེད། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་བྱ་ཡུལ་ཁྲི་11མ་མཐའི་འཚོ་བའི་འགན་སྲུང་གི་མཐའ་སྐྱོང་དུ་བཅུག་ནས། འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་ཐུབ་པ་བྱས་ནས་མི་འབོར་དབུལ་པོ་ཚང་མ་སྨན་བཅོས་འགན་ལེན་གྱི་ཁྱབ་ཁོངས་ནང་བཅུག་སྟེ“ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་བ་དང་ནད་གཞིས་རྐྱེན་པས་དབུལ་པོར་བསྐྱར་ལོག་བྱེད་པའི”མི་འབོར་གྱི་འགུལ་རྣམ་མེད་པ་བཟོས་པ་རེད། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོའི་ཉེན་ཡོད་སྡོད་ཁང་ཁྲི་4.36གྲལ་བཤེར་དང་སྒྱུར་བཀོད་བྱས་པ་བརྒྱུད་ལྗོངས་ཡོངས་ཀྱི་མང་ཚོགས་དབུལ་པོའི་ཉེན་ཡོད་སྡོད་ཁང་གཅིག་ཀྱང་མེད་པ་བྱས་ཡོད།

བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལོ་4བསྟུད་མར་ཀྲུང་དབྱང་གིས“ཕྱོགས་བསྡུས་གདེང་འཇོག་ཡག་པོར”གཏན་འཁེལ་བྱས་པ་དང་། ཕྱོགས་གསུམ་པས་དཔྱད་དཔོག་བྱས་པ་བརྒྱུད་བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་མང་ཚོགས་བློ་ཡིད་ཚིམ་ཚད་99%ཡན་ཟིན་ཡོད། ལོ་གཅིག་གོང་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཡོད་པའི་མཚེའུ་གཉིས་རྫོང་མཚོ་སྦྲེལ་བྱང་མ་ཤང་ནས་གོང་དཀར་རྫོང་སྲིན་པོ་རི་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་པའི་བགྲས་པོ་བློ་བཟང་ཟླ་བས་ཏང་གི་སྲིད་ཇུས་བཟང་པོར་བཀའ་དྲིན་ཆེ། ཁོ་དང་ནང་མི་ཚོ་ས་མཐོ་ས་གསོ་རླུང་མི་འདང་ས་དང་བྲལ་ཡོད། “མི་ཚེ་ཕྱེད་ཀ་ལྷག་ཙམ་འདས་རྗེས་གཞི་ནས་བདེ་སྐྱིད་ཀྱི་བྲོ་བ་མྱོང་ཐུབ་བྱུང”ཞེས་བརྗོད།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས། བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་གལ་ཆེན་ཐོབ་པ་ནི་དབུལ་སྐྱོར་ལས་དོན་དང་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བོད་ལྗོངས་སུ་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་ཡིན་པ་དང་། དེ་ནི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་བོད་ལྗོངས་སུ་ནུས་ལྡན་གྱི་མཚོན་ཚུལ་ཞིག་དང་ཏང་གི་མི་རིགས་སྲིད་ཇུས་བོད་ལྗོངས་སུ་གསོན་ཉམས་ལྡན་པའི་མངོན་ཚུལ་ཞིག་རེད་ཅེས་བརྗོད་པ་རེད།

བལྟོས་མེད་དབུལ་པོ་མེད་པར་བཟོས་རྗེས། བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དེ་སྲ་བརྟན་མཐོར་གཏོང་གི་དུས་མཚམས་སུ་ཕྱོགས་ཡོངས་ནས་བསྒྱུར་ཏེ་ད་ཡོད་ཀྱི་རོགས་སྐྱོར་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་མི་འགྱུར་བ་དང་། སྲིད་ཇུས་རྒྱུན་མི་ཆད་པ། ལག་ལེན་བསྟར་ཤུགས་ཆེ་རུ་བཏང་བ་བཅས་བྱས་ནས་དབུལ་སྒྲོལ་མང་ཚོགས་དབུལ་པོ་བསྐྱར་ལོག་མི་ཡོང་བའི་འགན་ལེན་བྱ་རྒྱུ་རེད།

中央广播电视总台 央广网 版权所有

བོད་ལྗོངས་སུ་བལྟོས་མེད་དབུལ་པོའི་རྣམ་པ་མེད་པར་བཟོས་ཡོད།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོའི་ལོ་མཇུག་བར། བོད་ལྗོངས་ཀྱི་རྫོང་དབུལ་པོ་