ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

མཚོ་སྔོན་ན་གོར་མོ་ནས་ཁྲིན་ཏུའུ་བར་གྱི་འགྲུལ་སྐྱེལ་མེ་འཁོར་ཤར་གཏོང་བྱས་པ།

2020-10-16 10:43:11     责编:nake

  ཀྲུང་གོ་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཚེས15ཉིན་མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གྱི་གཞུང་ཕྱོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ན་གོར་མོ་ནས་ཁྲིན་ཏུའུ་བར་གྱི་འགྲུལ་སྐྱེལ་མེ་འཁོར་ཤར་གཏོང་བྱུང་ཡོད།

  ན་གོར་མོའི་མེ་འཁོར་ས་ཚུགས།

  ཤེས་རྟོགས་བྱུང་བ་ལྟར་ན། ན་གོར་མོ་ནས་ཁྲིན་ཏུའུ་ལ་སྐྱོད་པའི་འགྲུལ་སྐྱེལ་མེ་འཁོརK1060དེ་ཉིན་རེའི་ཆུ་ཚོད13དང་སྐར་མ45ཐོག་ན་གོར་མོ་ནས་ཆས་ཏེ། ཕྱི་ཉིན་གྱི་ཆུ་ཚོད12དང་སྐར་མ25ཐོག་ཁྲིན་ཏུའུ་ལ་འབྱོར་ཐུབ། ལམ་བར་དུ་ཆུ་ཚོད་22དང་སྐར་40འགོར་གྱིན་ཡོད།

  “ན་གོར་མོ་དང་ཁྲིན་ཏུའུ་བར་གྱི་འགྲུལ་སྐྱེལ་མེ་འཁོར་འདིས་ཉིན་རེར་ཆ་སྙོམས་ཀྱིས་མི་600ལྷག་སྐྱེལ་འདྲེན་བྱེད་ཀྱིན་ཡོད། འགྲུལ་བ་སྐྱེལ་ཚད་ཅུང་ལེགས། ཉེ་ལམ་གྱི་ལས་འཚོལ་བ་ཁྱིམ་དུ་ལོག་མཁན་དང་གཞུང་དོན་དུ་ཕྱིར་སྐྱོད་མཁན་གྱི་འགྲུལ་བ་རིགས་གཉིས་གཙོ་ཆེ་བར་འདུག”ཅེས་ན་གོར་མོ་མེ་འཁོར་འཚམས་ཀྱི་འགྲུལ་སྐྱེལ་འཁོར་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཁང་ཐའོ་ཡིས་དེ་ལྟར་བཤད། མེ་འཁོར་འདི་ཤར་གཏོང་ཐུབ་པས་རྒྱ་ཆེའི་འགྲུལ་བར་སྤ་སེ་འདང་ངེས་མཁོ་འདོན་བྱས་ཏེ། ལམ་རྒྱུད་ཀྱི་མང་ཚོགས་འགྲོ་སྐྱོད་ལ་གདམ་ག་གསར་པ་ཞིག་སྐྲུན་པ་དང་ལམ་རྒྱུད་ཀྱི་ས་ཁུལ་ཁག་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

  “དེ་སྔོན་ཁྲིན་ཏུའུ་ལ་འགྲོ་བར་ལམ་འགྲོའི་མེ་འཁོར་གྱི་སྤ་སེ་ཉོ་དགོས་ལ། ཉལ་ཁྲིའི་སྤ་སེ་ཉོ་རྒྱུ་ཧ་ཅང་ཁག་པོ་ཡོད། ཟི་ལིང་ནས་མེ་འཁོར་རྗེས་ཏེ་ཁྲིན་ཏུའུ་ལ་འགྲོ་དགོས་པས་སྟབས་བདེ་པོ་མེད། ད་ལྟ་མེ་འཁོར་འདི་ཤར་གཏོང་ཐུབ་པས་སླད་ཕྱིན་གདམ་ཀ་མང་པོ་ཡོད་ལ་སྤ་སེ་ཉོ་རྒྱུའང་སླ་བས་ཧ་ཅང་སྟབས་བདེ་པོ་འདུག” །

  རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

中央广播电视总台 央广网 版权所有

མཚོ་སྔོན་ན་གོར་མོ་ནས་ཁྲིན་ཏུའུ་བར་གྱི་འགྲུལ་སྐྱེལ་མེ་འཁོར་ཤར་གཏོང་བྱས་པ།

ཤེས་རྟོགས་བྱུང་བ་ལྟར་ན། ན་གོར་མོ་ནས་ཁྲིན་ཏུའུ་ལ་སྐྱོད་པའི་འགྲུལ་སྐྱེལ་མེ་འཁོརK1060དེ་ཉིན་རེའི་ཆུ་ཚོད13དང་སྐར་མ45ཐོག་ན་གོར་མོ་ནས་ཆས་ཏེ། ཕྱི་ཉིན་གྱི་ཆུ་ཚོད12དང་སྐར་མ25ཐོག་ཁྲིན་ཏུའུ་ལ་འབྱོར་ཐུབ། ལམ་བར་དུ་ཆུ་ཚོད་22དང་སྐར་