ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཟི་ལིང་གྲོང་ཁྱེར་གྱིས་དགུན་དུས་ཀྱི་དྲོད་རླངས་གཏོང་བར་སྒོར་ཁྲི1983.36རོགས་སྐྱོབ་གནང་བ།

2020-10-16 13:35:17     责编:nake

  ཉེ་ཆར། ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་དམིགས་བསལ་ཅན་གྱི་དཀའ་ངལ་ཆེ་བའི་ཁྱིམ་ཚང་། ཡོང་འབབ་ཉུང་བའི་ཁྱིམ་ཚང་ཁྲི2.24ལ་རོགས་སྐྱོབ་མ་དངུལ་སྒོར་ཁྲི1983.36བཏང་ནས། དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་དྲོད་རླངས་གཏོང་བར་ཁག་ཐེག་བྱས་པ་རེད།

  རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རོགས་སྐྱོབ་མ་དངུལ་སྤྲོད་པའི་ཚད་གཞི་ནི་ཆུས་རིམ་པའི་གྲོང་ཁྱེར་གྱི་དམིགས་བསལ་ཅན་གྱི་དཀའ་ངལ་ཆེ་བའི་མི་སྣར་སྒོར1200དང་། མ་མཐའི་འཚོ་བའི་འགན་ལེན་ཁྱིམ་ཚང་ལ་སྒོར1000དང་། རྫོང་རིམ་པའི་གྲོང་ཁྱེར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་ལ་སྒོར1000ཡིན། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་སྒོར800དང་། ཡོང་འབབ་དམའ་བའི་ཁྱིམ་ཚང་ཁྲོད་དུ་ཆུས་རིམ་པར་སྒོར600དང་རྫོང་རིམ་པར་སྒོར400ཡིན་པ་རེད།

  ཉེ་བའི་ལོ་འགའི་རིང་། ཟི་ལིང་གྲོང་ཁྱེར་གྱིས་སྨན་བཅོས་རོགས་སྐྱོབ་དང་། སྐབས་འཕྲལ་རོགས་སྐྱོབ། གནོད་འཚེ་ཕོག་པའི་མི་སྣའི་རོགས་སྐྱོབ། སློབ་གསོའི་རོགས་སྐྱོབ། སྡོད་ཁང་རོགས་སྐྱོབ། ལས་ཞུགས་རོགས་སྐྱོབ་སོགས་རོགས་སྐྱོབ་ལམ་ལུགས་ཁག8འཐུས་ཚང་དུ་བཏང་བའི་རྨང་གཞིའི་ཐོག དམངས་སྲིད་སྡེ་ཁག་གིས་གྲོང་ཁྱེར་གྱི་གནས་ཚུལ་དངོས་དང་བསྟུན་ནས། ཟི་ལིང་གྲོང་ཁྱེར་གྱི་དམིགས་བསལ་ཅན་གྱི་དཀའ་ངལ་ཡོད་པའི་སློབ་གྲྭ་ཆེན་མོ་བར་རོགས་དངུལ་སྤྲོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གནད་སྨིན་རོགས་སྐྱོར་ལམ་ལུགས། དྲོད་རླངས་གཏོང་བའི་རོགས་སྐྱོབ་ལམ་ལུགས་སོགས་ཀྱི་མཉམ་ཤུགས་ལ་བརྟེན་ནས་རོགས་སྐྱོབ་མ་ལག9བཙུགས་པ་རེད། ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་སྡེ་ཁག་མཉམ་འགུལ། མཐའ་སྐྱོང་ནུས་ལྡན་བཅས་ཀྱི“9+1+N”ཡི་མཐའ་སྐྱོང་འགན་སྲུང་ཆེན་པོའི་རོགས་སྐྱོབ་མ་ལག་དང་། ལམ་ལུགས་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་སྟེ། ཕྱོགས་མང་དང་ཁྱོན་ཡོངས་ལ་ཁྱབ་པའི་རོགས་སྐྱོབ་ཀྱི་རྣམ་པ་བརྟན་པོ་བཙུགས་ཤིང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོར་འགན་ལེན་བྱས་པ་རེད། །

  རྩོམ་སྒྲིག་པ། བདེ་ལེགས་མཚོ།

中央广播电视总台 央广网 版权所有

ཟི་ལིང་གྲོང་ཁྱེར་གྱིས་དགུན་དུས་ཀྱི་དྲོད་རླངས་གཏོང་བར་སྒོར་ཁྲི1983.36རོགས་སྐྱོབ་གནང་བ།

ཉེ་ཆར། ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་དམིགས་བསལ་ཅན་གྱི་དཀའ་ངལ་ཆེ་བའི་ཁྱིམ་ཚང་། ཡོང་འབབ་ཉུང་བའི་ཁྱིམ་ཚང་ཁྲི2.24ལ་རོགས་སྐྱོབ་མ་དངུལ་སྒོར་ཁྲི1983.36བཏང་ནས། དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་དྲོད་རླངས་གཏོང་བར་