ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རང་རྒྱལ་གྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་དུས་མཚུངས་ལས0.7%འཕར་བ།

2020-10-16 10:18:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱི་འདི་ལོའི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་རིམ་རྩིས་འཕར་བའི་མྱུར་ཚད་རྒྱུན་གཏན་དུ་ཐེངས་དང་པོར་གྱུར་པ་རེད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཚེས་13ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས། རང་རྒྱལ་གྱི་དུས་ཚིགས་དང་པོ་ནས་གསུམ་པ་བར་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་23.12ཟིན་པ་དེ་དུས་མཚུངས་ལས་0.7%འཕར་ཡོད་པ་དང་། གླེང་རིན་ཡོད་པ་ཞིག་ནི་དུས་ཚིགས་གསུམ་པའི་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་དང་། ཕྱིར་གཏོང་རིན་ཐང་བསྡོམས་འབོར། ནང་འདྲེན་རིན་ཐང་བསྡོམས་འབོར་བཅས་དུས་ཚིགས་ཀྱིས་ལོ་རྒྱུས་ཀྱི་ཟོན་ཐོ་བཏོད་པ་དེ་རེད།

འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གསར་འགྱུར་མགྲིན་ཚབ་པ་བསྡོམས་རྩིས་དབྱེ་ཞིབ་སིའི་སི་ཀྲང་ལི་ཁུའེ་ཝུན་གྱིས་ཉིན་དེའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བརྗོད་པ་དང་། རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་ཐད་དུས་ཚིགས་རིམ་པ་བཞིན་བརྟན་པོའི་ངང་འཕར་བའི་འཕེལ་ཕྱོགས་མངོན་པ་དང་། དུས་ཚིགས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་ཕྱིར་གཏོང་ནང་འདྲེན་འཕར་ཚད་-6.5%དང་-0.2% 7.5%བཅས་ཁག་སོ་སོ་ཡིན་པ་རེད།

中央广播电视总台 央广网 版权所有

རང་རྒྱལ་གྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་དུས་མཚུངས་ལས0.7%འཕར་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱི་འདི་ལོའི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་རིམ་རྩིས་འཕར་བའི་མྱུར་ཚད་རྒྱུན་གཏན་དུ་ཐེངས་དང་པོར་གྱུར་པ་རེད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཚེས་13ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས། རང་རྒྱལ་གྱི་དུས་ཚིགས་དང་པོ་ནས་གསུམ་པ་བར་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་23.12ཟིན་པ་དེ་དུས་མཚུངས་ལས་0.7%འཕར་ཡོད་པ་དང་།