ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་ཐེངས་གསུམ་པར་སླེབས་པ།

2020-10-16 10:16:00     责编:sangjzm

བྱིས་པའི་བདེ་འཇགས་རྐུབ་བཀྱག་བསྒར་ཏེ་འགྲིམ་འགྲུལ་ལས་འཛོལ་ནང་གནོད་འཚེ་མི་ཕོག་པ་བྱེད་དགོས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་13ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པ་རེད། དེ་གོང་2019ལོའི་ཟླ་10པར་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བཞི་པ་དང་2020ལོའི་ཟླ་6པའི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག་བཅའ་ཁྲིམས་ཀྱི་འཆར་ཟིན་དེར་གྲོས་ཞིབ་ཐེངས་གཉིས་བྱས་པ་རེད།

ན་སོ་དར་ལ་མ་བབས་པའི་མིའི་བདེ་འཇགས་འགན་སྲུང་སོགས་ཐད་ཀྱི་ཕ་མའམ་ཡང་ན་ལྟ་སྐྱོང་མཁན་གཞན་དག་གི་ལྟ་སྐྱོང་འགན་འཁྲིར་སྔར་བས་ཤུགས་སྣོན་རྒྱག་ཆེད། གྲོས་ཞིབ་ཐེངས་གསུམ་པའི་མ་ཟིན་ནང་གཏན་འབེབས་མང་དུ་བཏང་ཡོད་པ་སྟེ། ན་སོ་དར་ལ་མ་བབས་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་མཁན་གཞན་དག་གིས་ན་སོ་དར་ལ་མ་བབས་པའི་མིར་བདེ་འཇགས་ལྡན་པའི་ཁྱིམ་ཚང་གི་འཚོ་བའི་ཁོར་ཡུག་མཁོ་འདོན་བྱས་ཏེ། གློག་འཁྱུད་པ་དང་། འཚིག་རྨས། ལྷུང་བ་སོགས་ཀྱི་གནོད་འཚེ་ལས་ཐོན་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་དགོས། བྱིས་པའི་བདེ་འཇགས་རྐུབ་བཀྱག་བསྒར་བ་དང་ན་སོ་དར་ལ་མ་བབས་པའི་མི་སྣར་འགྲིམ་འགྲུལ་སྒྲིག་སྲོལ་ལ་སྲུང་བརྩི་ཞུ་དགོས་པའི་སློབ་གསོ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ན་སོ་དར་ལ་མ་བབས་པའི་མིར་འགྲིམ་འགྲུལ་ལས་འཛོལ་གྱི་གནོད་འཚེ་མི་ཕོག་པ་བྱེད་དགོས།

ཕྱི་རོལ་དུ་བདེ་འཇགས་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ་ན་སོ་དར་ལ་མ་བབས་པའི་མི་ཆུའི་ནང་དིམ་པ་དང་སྲོག་ཆགས་ཀྱི་གནོད་འཚེ་སོགས་ཀྱི་ལས་འཛོལ་མི་ཐོན་པ་བྱེད་དགོས། དེ་དང་ཆབས་ཅིག་ལྟ་སྐྱོང་བྱ་རྒྱུར་མངགས་པའི་སྣང་ཚུལ་འོག་ཕ་མའམ་ཡང་ན་ལྟ་སྐྱོང་མཁན་གཞན་དག་དང་ན་སོ་དར་ལ་མ་བབས་པའི་མི་དང་མངགས་བཅོལ་བྱས་པའི་མི་སྣའི་དབར་གྱི་འབྲེལ་གཏུག་སྤེལ་རེས་ཀྱི་ཐེངས་གྲངས་དེ་ཉུང་མཐར“ཟླ་བ་རེར”ཐེངས་རེ་ནས་ཉུང་མཐར“གཟའ་འཁོར་རེར”ཐེངས་རེ་བར་བཟོ་བཅོས་བྱས་ཡོད།

བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་བཀག་འགོག་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། གྲོས་ཞིབ་ཐེངས་གསུམ་པའི་ནང་ཕ་མའམ་ཡང་ན་ལྟ་སྐྱོང་མཁན་གཞན་དག་གིས་ན་སོ་དར་ལ་མ་བབས་པའི་མིར་ཧུར་བསྲི་གྲོན་ཆུང་གི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས་པ་མ་ཟད། སློབ་གྲྭ་དང་བུ་བཅོལ་ཁང་གིས་ཧུར་བསྲི་གྲོན་ཆུང་དང་། འབྲུ་རིགས་ལ་གཅེས་སྤྲས། འཕྲོ་བརླག་ལ་ངོ་རྒོལ། ཡ་རབས་ངང་བཟའ་བཏུང་བྱེད་པ་སོགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ། ན་སོ་དར་ལ་མ་བབས་པའི་མིར་འཕྲོ་བརླག་ནི་ཞེ་ཁྲེལ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་འདུ་ཤེས་བཙུགས་ཏེ་ཡ་རབས་བདེ་ཐང་ལྡན་པ་དང་ལྗང་མདོག་དང་ཁོར་ཡུག་སྲུང་སྐྱོང་གི་འཚོ་བའི་གོམས་གཤིས་ཆགས་པར་རོགས་རམ་བྱེད་དགོས་པའི་གཏན་འབེབས་མང་དུ་བཏང་ཡོད།

中央广播电视总台 央广网 版权所有

ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་ཐེངས་གསུམ་པར་སླེབས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་13ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པ་རེད། དེ་གོང་2019ལོའི་ཟླ་10པར་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བཞི་པ་དང་2020