ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་དང་དམངས་ཁྱིམ་མགྲོན་ཁང་ལས་དོན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་ཀན་སུའུ་རུ་འཚོགས་པ།

2020-09-16 09:36:00     责编:sangjzm

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་སྐོར་དང་དམངས་ཁྱིམ་མགྲོན་ཁང་ལས་དོན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཡུས་ཀྲུང་རྫོང་དུ་འཚོགས་པ་རེད། རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ཧུའུ་ཧོ་ཕིང་ཚོགས་འདུར་སླེབས་པ་དང་འབྲེལ་གཏམ་བཤད་བྱས་པ་དང་ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཐང་རེན་ཅན་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་བརྗོད་པ་རེད།

ཧུའུ་ཧོ་ཕིང་གིས་རིག་གནས་འཛུགས་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ་སོགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ནི་གྲོང་གསེབ་ཀྱི་ཡུལ་སྐོར་ལས་དོན་ཡག་པོ་སྤེལ་བའི་རྩ་བའི་སྲུང་བྱ་ཡིན་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་མཐོ་ཚད་ཐོག་ནས་ཕྱོགས་ཡོངས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་ཞེས་བསྟན་པ་རེད།

ཧུའུ་ཧོ་ཕིང་གིས་ནན་བཤད་བྱས་དོན། མཇུག་བསྡུ་དུས་འགོ་འཛུགས་སྐབས་བཞིན་གཟབ་ནན་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་དེ་བས་དགེ་མཚན་ལྡན་ལ་ནུས་པ་ལྡན་པ་དང་དེ་བས་དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ་གྲོང་གསེབ་ཀྱི་ཡུལ་སྐོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་བཙུགས་ཏེ་སྤུས་ཚད་ལེགས་པའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོར་དམིགས་པ། གྲོང་གསེབ་ཡུལ་སྐོར་གྱི་སྤུས་ལེགས་ཐོན་ཟོག་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་ཡུལ་སྐོར་དེ་ཐོན་ཁུངས་ལ་བརྟེན་པ་ནས་གསར་གཏོད་ལ་བརྟེན་པའི་བར་འགྱུར་ལྡོག་འགྲོ་བར་སྐུལ་འདེད་གཏོང་བ། གྲོང་གསེབ་ཡུལ་སྐོར་གྱི་ཕྱོགས་བསྡུས་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། སྤུས་ཚད་ལེགས་པའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བཅས་བྱེད་དགོས།

ཧུའུ་ཧོ་ཕིང་གིས་བསྟན་དོན། ཡུལ་སྐོར་དབུལ་སྐྱོར་ནི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི་ཐབས་ལམ་གལ་ཆེན་ཡིན་ཞིང་། རང་ངོས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ཏེ་ལས་དོན་སྤེལ་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་ཀྱི་ཤུགས་རྐྱེན་གང་ཐུབ་ཅི་ཐུབ་ཀྱིས་ཆུང་དུ་བཏང་ཐོག་བློ་ཡིད་ཚིམ་པའི་རྒྱུགས་ལན་འབུལ་རྒྱུའི་འགན་ལེན་བྱེད་དགོས། གྲོང་གསེབ་ཀྱི་དམངས་ཁྱིམ་མགྲོན་ཁང་ནི་གྲོང་གསེབ་ཡུལ་སྐོར་མ་ལག་གི་ནང་དོན་གལ་ཆེན་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་པའི་དམ་འཛིན་བྱེད་གཞི་གལ་ཆེན་ཞིག་རེད། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཀྱི་དམངས་ཁྱིམ་མགྲོན་ཁང་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གནད་དོན་ལ་དམ་པོར་དམིགས་ཏེ་ཕྱོགས་གཅིག་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཞན་ཞིག་ནས་དོ་དམ་ཚད་ལྡན་དུ་བཏང་སྟེ་གྲོང་གསེབ་ཀྱི་དམངས་ཁྱིམ་མགྲོན་ཁང་སྐྱོན་བྲལ་དང་རྒྱུན་སྲིང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས།

ཚོགས་འདུའི་ཐོག་རིག་གནས་དང་ཡུལ་སྐོར་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གཏན་འཁེལ་བྱས་པའི་ཁག་གཉིས་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོའི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་འབྲེལ་ཁག་གཉིས་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོའི་མཚོན་བྱེད་བྱང་བུ་སྤྲད་པ་རེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་། ཀྲུང་གོ་ཞིང་ལས་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་དང་དེ་བཞིན་འབྲེལ་ཡོད་ས་གནས་དང་ཚན་པའི་འཐུས་མིས་གཏམ་བཤད་སྤེལ་བ་རེད།

འཛམ་གླིང་སྐར་ཁུངས།

ཅན་དབྱི་ཝེ་འཇར་པན་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་ལ་བདམས་ཐོན་བྱུང་བ།

ད་ཐེངས་ཀྱི་འདེམས་བསྐོ་ནི་རང་དབང་དམངས་གཙོ་ཏང་གི་རྒྱལ་ཚོགས་ཀྱི་གྲོས་མིས་འདེམས་ཤོག་འཕེན་པ་དང་ས་གནས་ཀྲི་པུའུ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིས་འདེམས་ཤོག་འཕངས་ནས་གྲུབ་པའི“ཁང་གཉིས་ཀྱི་གྲོས་མིའི་སྤྱི་ཁྱབ་ཚོགས་པའི”བྱ་ཐབས་སྤྱད་དེ་འདེམས་ཤོག་འཕངས་པ་རེད། འདེམས་ཤོག་ཁྱོན་བསྡོམས་535ཡོད། དེའི་ཁྲོད་དུ་རྒྱལ་ཚོགས་གྲོས་མིའི་འདེམས་ཤོག་394ཡོད་པ་དང་། ས་གནས་ཀྱི་འདེམས་ཤོག་141ཡོད། འདེམས་བསྐོའི་གྲུབ་འབྲས་ལས་མངོན་གསལ། ཉིན་

中央广播电视总台 央广网 版权所有

རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་དང་དམངས་ཁྱིམ་མགྲོན་ཁང་ལས་དོན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་ཀན་སུའུ་རུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་སྐོར་དང་དམངས་ཁྱིམ་མགྲོན་ཁང་ལས་དོན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཡུས་ཀྲུང་རྫོང་དུ་འཚོགས་པ་རེད། རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ཧུའུ་ཧོ་ཕིང་ཚོགས་འདུར་སླེབས་པ་དང་འབྲེལ་གཏམ་བཤད་བྱས་པ་དང་ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་