ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞིས”བོད་ཀྱི་ དགེ་རྒན་གྱི་བྱང་ཚད་མཐོར་གཏོང་ལ་རམ་འདེགས་བྱས་པ།

2020-09-15 10:53:00     责编:sangjzm

བོད་ཀྱི་དགེ་རྒན་མི་ཐེངས་ཁྲི་15.8ལ་གསོ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། ལོ་བཅུའི་རིང་རྒྱལ་ཁབ་ཀྱིས་བོད་ཀྱི“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞིའི”(སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་རྒྱལ་ཁབ་རིམ་པའི་གསོ་སྦྱོང་འཆར་གཞི)རྣམ་གྲངས་ལ་མ་དངུལ་བསྡོམས་སྒོར་དུང་ཕྱུར་3.23བཏང་ནས་བོད་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་མི་ཐེངས་ཁྲི་15.8ལ་གསོ་སྦྱོང་བྱས་པ་རེད། “རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞི”ནི་སློབ་གསོ་པུའུ་དང་ནོར་སྲིད་པུས་ལག་བསྟར་བྱས་པ་ཞིག་ཡིན་པ་དང་། དེ་ནི་དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དང་། ལྷག་པར་དུ་གྲོང་གསེབ་དགེ་རྒན་དཔུང་ཁག་གི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། དེར་འོར་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་དང་། རྨང་གཞིའི་སློབ་གསོའི་སྒྱུར་བཅོས་ལ་སྐུལ་གཏོང་། སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞི”སྒྲིག་འཛུགས་དང་ལག་བསྟར་ལས་དོན་ལ་མཐོང་ཆེན་བྱས་ནས“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞི”ལྗོངས་ཡོངས་ཀྱི་སློབ་གསོའི་གནད་སྨིན་དབུལ་སྐྱོར་གྱི་འཆར་འགོད་ནང་བཅུག་པ་དང་འབྲེལ་རྩེ་རིམ་ཇུས་འགོད་དང་། གྲོང་ཁྱེར་དང་ས་ཁུལ་ཁག་དང་སྒྲུབ་གཉེར་སློབ་གྲྭ་ཁག་དབར་མཐུན་སྦྱོར་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ་གསོ་སྦྱོང་རྣམ་གྲངས་ཀྱི་འཆར་འགོད་གྲོང་གསེབ་ཀྱི་འཐབ་ས་དང་པོའི་དགེ་རྒན་གྱི་དོན་དངོས་ཀྱི་གསོ་སྦྱོང་དགོས་མཁོ་དང་འབྲེལ་མཐུད་ཐུབ་པ། “རྒྱལ་ཁབ་ཀྱི་གསོ་སྦྱོང”དང“བོད་རང་སྐྱོང་ལྗོངས་ཀྱི་གསོ་སྦྱོང”གྲོང་གསེབ་ཀྱི་དགེ་རྒན་ལ་ཕྱོགས་ནས་གྲོང་གསེབ་དགེ་རྒན་གསོ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པ། “རྒྱལ་ཁབ་ཀྱི་གསོ་སྦྱོང”གཤམ་འོག་ཏུ་སྤེལ་བའི་རྣམ་གྲངས་ཇུས་འགོད་ཞིབ་ཚགས་བྱས་ནས་གྲོང་གསེབ་ཀྱི་རྨང་གཞི་ཞན་པའི་དགེ་རྒན་ལ་དམིགས་སའི་རང་བཞིན་ལྡན་པའི་གསོ་སྦྱོང་བཅས་བྱས་པ་རེད།

ལོ་བཅུའི་རིང“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞིའི”སྐུལ་འདེད་འོག བོད་རང་སྐྱོང་ལྗོངས་ཀྱིས“རྒྱལ་ཁབ་ཀྱི་གསོ་སྦྱོང་གཙོ་གནད་དུ་བྱེད་པ་དང་། ས་ཁུལ་དང་རྫོང་གིས་ཚང་མར་ཁྱབ་རྒྱུར་འགན་ལེན་བྱེད་པ། སློབ་གྲྭས་སློབ་ཁྲིད་ཞིབ་འཇུག་ལ་མཐོང་ཆེན་བྱེད་པ”བཅས་ཀྱི་བསམ་ཕྱོགས་ལ་བརྟེན་ནས“རྒྱལ་ཁབ་རིམ་པ་དང་། རང་སྐྱོང་ལྗོངས་རིམ་པ། གྲོང་ཁྱེར་དང་ས་ཁུལ་རིམ་པ། རྫོང་རིམ་པ། སློབ་གྲྭ་རིམ་པ”བཅས་རིམ་ལྔའི་དགེ་རྒན་གསོ་སྦྱོང་མ་ལག་བཙུགས་ནས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དཔུང་ཁག་གི་ཕྱོགས་བསྡུས་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཏེ་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་རྒན་དཔུང་ཁག་གི་འགན་ལེན་ནུས་ལྡན་ཐུབ་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞིས”བོད་ཀྱི་ དགེ་རྒན་གྱི་བྱང་ཚད་མཐོར་གཏོང་ལ་རམ་འདེགས་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། ལོ་བཅུའི་རིང་རྒྱལ་ཁབ་ཀྱིས་བོད་ཀྱི“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞིའི”(སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་རྒྱལ་ཁབ་རིམ་པའི་གསོ་སྦྱོང་འཆར་གཞི)རྣམ་གྲངས་ལ་མ་དངུལ་བསྡོམས་སྒོར་དུང་ཕྱུར་3.23བཏང་ནས་བོད་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་མི་ཐེངས་ཁྲི་15.8ལ་གསོ་སྦྱོང་བྱས་པ་རེད། “རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་