ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

སི་ཁྲོན་རྔ་པས་དངུལ་རྩའི“ཐབས་མང་མཉམ་སྤྱོད”ལ་བརྟེན་ནས་ཞིང་ལས་དང་འབྲེལ་བའི་གཉེར་སྐྱོང་བྱེད་པོའི་ཐོན་སྐྱེད་སླར་གསོར་རམ་འདེགས་བྱེད་པ།

2020-09-15 10:50:00     责编:sangjzm

སི་ཁྲོན་རྔ་པས་དངུལ་རྩའི“ཐབས་མང་མཉམ་སྤྱོད”ལ་བརྟེན་ནས་ཞིང་ལས་དང་འབྲེལ་བའི་གཉེར་སྐྱོང་བྱེད་པོའི་ཐོན་སྐྱེད་སླར་གསོར་རམ་འདེགས་བྱེད་པ།

ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། “དངུལ་བུན་སྒོར་ཁྲི་200ལག་ཏུ་འབྱོར་བས་ང་ཚོའི་དུས་ཐེངས་གཉིས་པའི་རྣམ་གྲངས་འཛུགས་སྐྲུན་གྱི་མ་དངུལ་ཐག་གཅོད་ཐུབ་སོང” སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་དབུན་ཁྲོན་རྫོང་ཧྲེང་ཧོ་ཞིང་ལས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ལི་ཆན་གྱིས་ཉིན་ཤས་གོང་ཀུང་སིར་དངུལ་ཁང་གི་དངུལ་བུན་རག་ནས་ཏོག་གསར་གློ་ཚད་རིམས་ནད་རྐྱེན་གྱིས་བཟོས་པའི་མ་དངུལ་འཁོར་རྒྱུག་དཀའ་བའི་གནས་ཚུལ་ཞི་ལྷོད་དུ་ཕྱིན་སོང་ཞེས་བཤད།

ལི་ཆན་བཟའ་ཚོ་ནི་ལས་གཏོད་བཟའ་ཚོ་ཞིག་ཡིན་ཞིང་། 2017ལོར་དབུན་ཁྲོན་རྫོང་ཁྭ་ཕོ་གྲོང་ཚོ་ནས་ས་ཞིང་མུའུ་2000ཙམ་བོགས་མར་བླངས་ཏེ་སྐྱེ་ལྡན་སྔོ་ཚལ་འདེབས་འཛུགས་དང་བྲིན་ཚོང་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་60ལྷག་ཙམ་ལས་ཀར་བཅུག་ཡོད། ཏོག་གསར་གློ་ཚད་རིམས་ནད་རྐྱེན་གྱིས་ཀུང་སིའི་མ་དངུལ་འཁོར་རྒྱུག་ལ་དཀའ་ངལ་འཕྲད་པས། དུས་ཐེངས་གཉིས་པའི་མ་འཇོག་འཆར་གཞིར་འགོག་རྐྱེན་འཕྲད་པ་མ་ཟད། ད་དུང་ད་ཡོད་ཀྱི་ཐོན་སྐྱེད་ལ་ཤུགས་རྐྱེན་ཡང་ཐེབས་ཉེན་ཡོད།

གནས་ཚུལ་འདི་དག་ཤེས་རྟོགས་བྱུང་རྗེས་ཞིང་ལས་དངུལ་ཁང་སི་ཁྲོན་དབུན་ཁྲོན་རྫོང་ཉིང་ལག་དངུལ་ཁང་གིས་ལས་དོན་མི་སྣ་སྒོ་རྩར་ཞིབ་བཤེར་བྱེད་པར་མངགས། ཀུང་སིར་ལུགས་མཐུན་གྱི་གཏའ་དངོས་མེད་པའི་གནས་ཚུལ་འོག དངུལ་ཁང་དེས་སི་ཁྲོན་ཞིང་ཆེན་ཞིང་ལས་ཡིད་རྟོན་དངུལ་བུན་ཁག་ཐེག་ཀུང་སི་དང་འབྲེལ་བ་བྱས་པ་མ་ཟད། སྐྱེད་ཀ་ཕྱེད་ཀ་གཅོག་པའི་ཁག་ཐེག་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་རྒྱུའི་གྲོས་བསྡུར་བྱུང་བས། བུ་ལོན་བདེ་བླག་ངང་གཡར་ཐུབ་ནས་ཁེ་ལས་ཀྱི་མ་དངུལ་དཀོན་པའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། མ་དངུལ་བསྡུ་སྒྲིལ་གྱི་མ་གནས་ཀྱང་དམའ་རུ་ཕྱིན་ཡོད།

ཞིང་ལས་དངུལ་ཁང་སི་ཁྲོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས་ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། ང་ཚོའི་དངུལ་ཁང་གིས་སྲིད་ཇུས་རང་བཞིན་གྱི་ཁག་ཐེག་ཀུང་སི་དང་ཉེན་ཁའི་ཁ་གསབ་ཐེབས་རྩ་སོགས་ཀྱི་ཡིད་རྟོན་ཆེར་གཏོང་གི་ལམ་སྲོལ་ལ་སྔར་བས་བརྟེན་ཏེ་ཞིང་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་བྱེད་པོའི་དངུལ་བུན་གཡར་དཀའ་བའི་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། ཟླ་བདུན་པའི་ཟླ་མཇུག་བར། རིམ་རྩིས་བྱས་ན་དངུལ་ཁང་དང་ཁག་ཐེག་ཀུང་སི་མཉམ་ལས་བྱས་ནས་ཞིང་དུད་ལ་དངུལ་བུན་སྒོར་དུང་ཕྱུར་76.48བཏང་ནས་ཞིང་དུད་ཁྲི་2.11ལ་རྒྱབ་སྐྱོར་བྱས་ཡོད་ཅེས་བཤད།

“མི་མང་པོས་ང་ཚོའི་ཆེད་ལས་མཉམ་ལས་ཁང་གི་ཐོན་སྐྱེད་སྒྲུབ་རིམ་གཅིག་ནས་ལོ་ལྟར་ཕག་པ་མགོ་གྲངས་1000བཤས་གཏོང་གི་ཡོད་པ་མཐོང་བ་ཙམ་ལས། ཕག་པ་མགོ་གྲངས་3000ལྷག་ཙམ་ལ་ཉིན་རེར་གཟན་ཆག་ཏུན་12དགོས་ཀྱི་ཡོད་པ་གཏན་ནས་ཤེས་ཀྱི་མེད། ད་དུང་ཆུ་དང་། གློག གླ་ཆ་སོགས་ལ་འགྲོ་སོང་གཏོང་དགོས། གལ་སྲིད‘ཕག་པ་གཏའ་འཇོག་དངུལ་བུན’གྱི་རྒྱབ་སྐྱོར་མེད་ན་ང་ཚོའི་ཆེད་ལས་མཉམ་ལས་ཁང་འདི་སྔ་ས་ནས་རྐུབ་རྡིབ་ཡོད”ཅེས་སི་ཁྲོན་དབྱི་པིན་ཀུང་རྫོང་ཤུས་རུའེ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཀའོ་ཧྲེང་ཕིང་གིས་གསར་འགོད་པར་བཤད་བྱུང་།

གསོ་ཚགས་ཀྱི་རིགས་མི་འདྲ་བ་དང་གཞི་ཁྱོན་མི་འདྲ་བའི་ཧེ་བག་ཅན་གྱི་དངུལ་རྩའི་དགོས་མཁོར་དམིགས་ནས་སི་ཁྲོན་གྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་སི་ཁྲོན་གྱི་འབྲུ་སྣུམ་དང་། ཕག་པ། ཇ་ལོ། ཨ་རག ཚལ་བཅས་དང་དེ་བཞིན་དེང་རབས་ཞིང་ལས་འདེབས་འཛུགས་ལས་རིགས་དང་། དེང་རབས་ཞིང་ལས་སྒྲིག་ཆས། དེང་རབས་ཞིང་ལས་སྐམ་གཏོང་གྲང་ཕྲེང་ཟོག་འགྲེམས་སོགས་ཐོན་ལས་ཁྱབ་ཁོངས་ལ་དམིགས་ནས་དངུལ་རྩའི་ཐོན་རྫས་གསར་གཏོད་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་པ་དང་ཡིད་རྟོན་དངུལ་བུན་མང་དུ་བཏང་བ་རེད།

དངུལ་རྩའི་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པའི“ཐབས་མང་མཉམ་སྤྱོད”ལ་བརྟེན་པས་སི་ཁྲོན་གྱི་ཞིང་ལས་དང་འབྲེལ་བའི་གཉེར་སྐྱོང་བྱེད་པོ་བདེ་བླག་ངང་ཏོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་མ་དངུལ་དཀོན་པའི་འགག་སྒོ་ལས་སྒྲོལ་ཐུབ་སྟེ་བསྐྱར་དུ་རྒྱུན་གཏན་བཞིན་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། སི་ཁྲོན་དངུལ་ཁང་དང་འགན་བཅོལ་ལྟ་སྡོམ་ཅུས་ཀྱི་གྲངས་གཞི་ལས་མངོན་དོན། ཟླ་དྲུག་པའི་ཟླ་མཇུག་བར་སི་ཁྲོན་དངུལ་ཁང་སྒྲིག་གཞིས་ཞིང་ལས་དང་འབྲེལ་བ་ཡོད་པའི་དངུལ་བུན་སྒོར་དུང་ཕྱུར་17387.40བཏང་བ་དེ་ལོ་སྟོད་ལས་སྒོར་དུང་ཕྱུར་1156.98འཕར་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

སི་ཁྲོན་རྔ་པས་དངུལ་རྩའི“ཐབས་མང་མཉམ་སྤྱོད”ལ་བརྟེན་ནས་ཞིང་ལས་དང་འབྲེལ་བའི་གཉེར་སྐྱོང་བྱེད་པོའི་ཐོན་སྐྱེད་སླར་གསོར་རམ་འདེགས་བྱེད་པ།

ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། “དངུལ་བུན་སྒོར་ཁྲི་200ལག་ཏུ་འབྱོར་བས་ང་ཚོའི་དུས་ཐེངས་གཉིས་པའི་རྣམ་གྲངས་འཛུགས་སྐྲུན་གྱི་མ་དངུལ་ཐག་གཅོད་ཐུབ་སོང” སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་དབུན་ཁྲོན་རྫོང་ཧྲེང་ཧོ་ཞིང་ལས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ལི་ཆན་གྱིས་ཉིན་ཤས་གོང་ཀུང་སིར་དངུལ་ཁང་གི་དངུལ་བུན་རག་ནས་ཏོག་གསར་གློ་ཚད་རིམས་ནད་རྐྱེན་གྱིས་བཟོས་པའི་མ་དངུལ་འཁོར་རྒྱུག་དཀའ་བའི་གནས་