ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

འདྲེ་ཚེར་མ་བཏོགས་ནས་དབུལ་ཞྭ་ཕུད་པ།

2020-09-10 09:49:00     责编:sangjzm

—— མཚོ་སྔོན་གསེར་ཆེན་རྫོང་ས་གྲུ་བཞི་ཤང་གི་འདྲེ་ཚེར་མ་འཐོག་དུས་ཀྱི་མཐོང་ཐོས།

ནགས་མཐའ་གྲོང་ཚོའི་འདྲེ་ཚེར་མ་སྨིན་ནས་དམར་རྐྱང་དུ་གྱུར་འདུག

སྟོན་འགོའི་སྐབས་སུ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་གི་འདྲེ་ཚེར་མ་སྨིན་ཡོད་པས། ས་གྲུ་བཞི་ཤང་ནགས་མཐའ་གྲོང་ཚོར་འདྲེ་ཚེར་མ་འཐོག་མཁན་མང་པོ་ཡོང་ནས་རྣམ་པ་ཧ་ཅང་འཁྲུག་པོ་ཡོད། འདྲེ་ཚེར་མ་འཐོག་མཁན་ཧ་ལམ་མི་གྲངས་200ཙམ་གྱིས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ནས་འདྲེ་ཚེར་མ་འཐོག་གི་ཡོད་པ་རེད།

ཟླ་གཅིག་གི་གོང་དུ། ཁ་སྒང་ཞོལ་མ་གྲོང་ཚོའི་ངལ་ལས་བར་ཁེ་བས་ནགས་མཐའ་གྲོང་ཚོར་འདྲེ་ཚེར་མ་འཐོག་མཁན་གྲོང་མི་སྒྲིག་འཛུགས་བྱས་པས་མི་མི་ཉུང་བ་ཞིག་གིས་མིང་ཐོ་བཀོད་པ་རེད། “རྒྱ་མ་གང་བཏོགས་ན་སྒོར་1.5འདུག ཡིན་ན་ཡང་ང་ལས་ཀ་འདི་ཡག་པོ་གོམས་མེད་པས་ཉིན་རེར་རྒྱ་མ་40ཡས་མས་ལས་འཐུ་ཐུབ་ཀྱི་མི་འདུག” གློག་སྒུལ་སྦག་སྦག་བཞོན་ན་སྐར་མ་15ཙམ་ལས་སྐྱོད་དགོས་ཀྱི་མེད་པས། ལས་ཀ་བྱེད་ཞོར་དུ་ད་དུང་ཁྱིམ་མིར་ཡང་ལྟ་རྟོག་བྱེད་ཐུབ་ཀྱི་འདུག་ཅེས་ཁ་སྒང་ཞོལ་མ་གྲོང་ཚོའི་གྲོང་མི་སྒྲོལ་མས་བཤད།

སྐར་མ་15ལས་སྐྱོད་དགོས་ཀྱི་མེད་པའི་ཕྱུག་འགྱུར་ལམ་བུ་འདི་སྔོན་ཆད་བྱེ་མས་བསྣུབས་ཡོད། “ང་ཚོ་བྱེ་འདབས་སུ་གནས་ཡོད་པས། རླུང་བུ་ལྡང་སྐབས་གང་ས་གང་དུ་བྱེ་རྡུལ་གྱིས་ཁེངས་ནས་ཁང་པའི་ཕྱི་རུ་ཡང་སྐྱོད་ཐུབ་ཀྱི་མི་འདུག”ཅེས་ནགས་མཐའ་གྲོང་ཚོའི་གྲོང་མི་ཝང་ཅི་ཡུས་ཀྱིས་བཤད་ཅིང་། འདི་ལོ་ལོ་55ཡིན་པའི་ཝང་ཅི་ཡུས་ནི་གྲོང་ཚོའི་ངལ་ལས་བར་ཁེ་བ་ཞིག་ཡིན་ལ། འདི་ལོར་ཁོང་གིས་མི་30ཙམ་སྒྲིག་འཛུགས་བྱས་ནས་འདྲེ་ཚེར་མ་བཏོགས་པ་རེད།

རང་བྱུང་ཆ་རྐྱེན་དང་རྨང་གཞིའི་སྒྲིག་བཀོད་ཞན་པའི་རྐྱེན་གྱིས་ས་གྲུ་བཞི་ཤང་དེ་ཉིད་དུས་ཡུན་རིང་པོ་དབུལ་པོར་འགྱུར། ལོ་བཅུ་ཕྲག་ཁ་ཤས་བྱེ་བཅོས་ནགས་བཟོ་བྱས་པ་བརྒྱུད་ས་གྲུ་བཞི་ཤང་གི་སྣོད་བཅུད་ཁོར་ཡུག་ཧ་ཅང་ལེགས་སུ་ཕྱིན་ནས། སྐྱེ་ལྡན་འདྲེ་ཚེར་མ་འདེབས་འཛུགས་རྟེན་གཞི་ཞིག་ཀྱང་འཛུགས་ཐུབ་ཡོད་པ་རེད།

“སྔོན་ཆད་གང་སར་བྱེ་རྡུལ་གྱིས་ཁེངས་ཤིང་ལམ་ཡང་ཤར་གཏོང་ཐུབ་མེད་པས་གྲོང་མི་ཚོས་ནང་དུ་འབྲས་ཐུག་བཏུང་ནས་སྡོད་དགོས་བྱུང་ཡང་ཕྱིར་ལས་ཀར་སྐྱོད་ཀྱི་མེད། ད་ཆ་སྣོད་བཅུད་བཅོས་སྐྱོང་ཡག་པོ་བྱུང་བས་གྲོང་མི་ཚོས་སོ་སོའི་སྒོ་ཁ་ནས་ཀྱང་ཡོང་འབབ་གསོག་ཐུབ་ཀྱི་ཡོད” གསེར་ཆེན་རྫོང་ལྗང་མྱུག་ཐོན་ལས་ཚད་ཡོད་འགན་འཁྲི་ཀུང་སིས་ནགས་མཐའ་གྲོང་ཚོ་དང་ས་ཞིང་འགན་གཙང་ལེན་པའི་གན་རྒྱ་བཞག་པ་དང་། གྲོང་མི་ཚོས་ས་ཞིང་བརྒྱུད་བཤུག་བཏང་རྗེས་འདེབས་འཛུགས་རྟེན་གཞིར་ཡོང་ནས་ལས་ཀ་བྱེད་ཆོག་པས་ཁོང་ཚོས་ཡོང་འབབ་འཕར་མ་ལེན་ཐུབ་ཅེས་ཝང་ཅི་ཡུས་ཀྱིས་བཤད།

འདྲེ་ཚེར་མ་བཏོགས་རྗེས་གསེར་ཆེན་རྫོང་གི་ལས་སྣོན་ཁང་དུ་དབོར་གྱི་ཡོད། དེ་གར་ཐོག་མའི་ལས་སྣོན་བྱས་རྗེས་ཕྱི་རྒྱལ་དུ་དབོར་ནས་ལས་སྣོན་གཏིང་ཟབ་བྱས་མཐར། ཡོ་རོབ་མནའ་འབྲེལ་དང་མེ་གླིང་བྱང་མ་སོགས་ལ་འཚོང་གི་ཡོད་པ་རེད།

“ང་ཚོའི་འདྲེ་ཚེར་མར་འཇར་མན་གྱི་སྐྱེ་ལྡན་བདེན་དཔང་ར་སྤྲོད་ཐོབ་ཡོད། འཇར་མན་གྱི་ཀུང་སིས་ང་ཚོ་དང་དུས་ཡུན་རིང་པོའི་ཕྱིར་ཚོང་གན་རྒྱ་བཞག་ནས་ང་ཚོའི་ཀུང་སིའི་འདྲེ་ཚེར་མའི་ཐོན་རྫས་ཉོ་སྒྲུབ་བྱེད་ཀྱི་ཡོད” མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་དང་དེ་བཞིན་ས་གནས་དེ་གའི་སྲིད་གཞུང་གི་རོགས་སྐྱོར་འོག ཀུང་སིས་མིག་སྔར་འདྲེ་ཚེར་མ་འདེབས་འཛུགས་རྟེན་གཞི་10བཙུགས་ནས་འདྲེ་ཚེར་མ་འདེབས་ཁྱོན་མུའུ་ཁྲི་2.32ཟིན་ཡོད་ཅེས་གསེར་ཆེན་རྫོང་ལྗང་མྱུག་ཐོན་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་ཀྲའོ་ཆོན་ལུའུ་ཡིས་ངོ་སྤྲོད་བྱས་པ་རེད།

ཀྲའོ་ཆོན་ལུའུ་ཡིས་གསར་འགོད་པར། ཀུང་སིས་གཏན་འཇགས་ལས་མི་དང་གནས་སྐབས་ལས་མི་བསྡུ་བའི་བྱེད་ཐབས་གཉིས་ཀྱི་ཐོག་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚོར་འདྲེ་ཚེར་མའི་ཞིང་ནང་གཡོག་བྱེད་དང་། འདྲེ་ཚེར་མ་འཐུ་བ། འདྲེ་ཚེར་མ་ལས་སྣོན་སོགས་ཀྱི་ལས་ཞུགས་ལས་གནས་ཧ་ལམ་400ཙམ་མཁོ་འདོན་བྱས་པས། དུད་ཚང་དབུལ་པོའི་ཆ་སྙོམས་མི་རེའི་ལོ་རེའི་ཡོང་འབབ་སྒོར་ཁྲི་2ལས་བརྒལ་ཡོད་པ་རེད། འདྲེ་ཚེར་མ་སྨིན་རྗེས་དུས་ཡུན་ཟླ་གསུམ་རིང་ས་གནས་དེ་གའི་གྲོང་མི་1500ལྷག་ཙམ་གྱིས་འཐོག་དགོས་པ་དང་། མི་རེར་ཆ་སྙོམས་གླ་ཆ་སྒོར་ཁྲི་1ལྷག་ཙམ་རག་གི་ཡོད་པ་རེད།

ཉི་མ་ནུབ་ལ་ཉེ་ཡང་། ད་དུང་མི་མང་པོ་ཞིག་གིས་བྲེལ་འཚུབ་ཆེན་པོས་འདྲེ་ཚེར་མ་འཐོག་གིན་འདུག ཁོང་ཚོའི་མགོ་རས་ཀྱིས་ཡོང་འབབ་བྱུང་བའི་དགའ་སྤྲོའི་འཛུམ་མདངས་འགེབ་མི་ཐུབ།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

འདྲེ་ཚེར་མ་བཏོགས་ནས་དབུལ་ཞྭ་ཕུད་པ།

སྟོན་འགོའི་སྐབས་སུ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་གི་འདྲེ་ཚེར་མ་སྨིན་ཡོད་པས། ས་གྲུ་བཞི་ཤང་ནགས་མཐའ་གྲོང་ཚོར་འདྲེ་ཚེར་མ་འཐོག་མཁན་མང་པོ་ཡོང་ནས་རྣམ་པ་ཧ་ཅང་འཁྲུག་པོ་ཡོད། འདྲེ་ཚེར་མ་འཐོག་