ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

མཚོ་སྔོན་གྱིས་མེ་རི་གཏེར་ཁུལ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་འགོ་ཚུགས་པ། ལོ་གསུམ་ནང་གཏེར་རིའི་སྣོད་བཅུད་སྤྱི་གླིང་བསྐྲུན་རྒྱུ་ཡིན་པ།

2020-09-10 09:48:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཐེམ་ཆེན་རྫོང་མེ་རི་གྲོང་རྡལ་དུ་ཚོགས་འདུ་འཚོགས་ཏེ། མེ་རི་གཏེར་ཁུལ་དང་དེ་བཞིན་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་ཡུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱེད་འགོ་ཚུགས་པ་དང་། ད་ཐེངས་ཀྱི་བྱ་སྤྱོད་དེ་ལོ་གསུམ་ལ་བགོས་ནས་ལག་བསྟར་བྱ་རྒྱུ་རེད།

བཀོད་སྒྲིག་བྱས་པར་གཞིགས་ན། མཚོ་སྔོན་གྱིས་2020ལོའི་ཟླ་8པ་ནས་ཟླ་10པའི་བར་འབྲེལ་ཡོད་ས་ཁུལ་དུ་གྲལ་བཤེར་ལས་དོན་སྤེལ་ཏེ། བཟོ་ལས་གཏེར་འདོན་ཁེ་ལས་ཁྱོན་ཡོངས་ནས་སྒོ་རྒྱག་པ་དང་སྲུང་སྐྱོང་སླར་གསོའི་རྣམ་གྲངས་མགྱོགས་མྱུར་ལག་བསྟར་བྱ་རྒྱུ་དང་། 2020ལོའི་ཟླ་11པ་ནས་ཟླ་12པའི་བར་སྣོད་བཅུད་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་གསར་པ་འཚོལ་ཞིབ་བྱས་ནས་གྲུབ་པ་བྱ་རྒྱུ། 2021ལོའི་ཟླ་1པོ་ནས་ཟླ་12པའི་བར་སླར་གསོ་བཅོས་སྒྲིག་ལས་དོན་ཕྱོགས་ཡོངས་ནས་འགོ་འཛུགས་རྒྱུ། 2023ལོའི་ཟླ་12པར་སླེབས་སྐབས་ལོ་གསུམ་གྱི་བྱ་སྤྱོད་ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྡུ་ཐུབ་པའི་འགན་ལེན་བྱས་ཏེ། ས་མཐོའི་མཐོ་གྲང་གཏེར་རིའི་སྣོད་བཅུད་སྤྱི་གླིང་བསྐྲུན་རྒྱུ་དང་སྤྱི་གླིང་གཉེར་སྐྱོང་གི་ཕུགས་ཕན་ལམ་སྲོལ་ཆགས་པར་བྱ་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བཅོས་སྒྲིག་བྱ་སྤྱོད་ནང“ཟླ་གཉིས་ནང་དབྱིབས་མཐོང་རྒྱུར་རྨང་གཞི་འདིང་བ་དང་། ལོ་དེ་རང་ལ་ལམ་ལུགས་བཟོས་ནས་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། ལོ་གཉིས་ནང་སྔོ་འགྱུར་ཐུབ་ནས་གཟུགས་བརྙན་མངོན་པ། ལོ་གསུམ་ནང་ཕན་འབྲས་ཐོན་ནས་སྤྱི་གླིང་དུ་འགྱུར་བ”བཅས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་པ་དང་འགན་འཁྲིའི་གསལ་ཐོ་དོན་འཁྱོལ་ནན་པོ་བྱས་ནས། དུས་ཚོད་ཀྱི་འཕེལ་རིམ་གཞིར་བཟུང་ཕྱོགས་བསྡུས་བཅོས་སྒྲིག་གི་ལས་འགན་ཁག་སྤུས་ཚད་མཐོ་པོའི་ངང་ལེགས་གྲུབ་ཐུབ་པའི་འགན་ལེན་བྱ་རྒྱུ་དང་། བཅོས་སྒྲིག་སྔོན་ལ་བྱེད་པ་དང་སླར་གསོ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ས་མཐོའི་མཐོ་གྲང་ས་ཁུལ་གྱི་གཏེར་རིའི་སྣོད་བཅུད་ཁོར་ཡུག་སླར་གསོའི་དཔེ་གཞི་གཏོད་རྒྱུ་རེད། མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་འབྲེལ་ཡོད་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་གཞོགས་འདེགས་དམ་ཟབ་དང་དངོས་ཕན་བརྩོན་ལེན་བྱས་ཏེ། ལས་འགན་ཁག་དུས་བཀག་ལྟར་ཐུགས་གྲ་ལེགས་འགྲིག་ཡོང་བ་དང་ལོ་རྒྱུས་དང་མི་དམངས་ཀྱི་ཉམས་སད་ཐེག་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有