ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་ཕྱིའི་རིགས་གཅིག་མཁས་ཅན་གྱིས“སྤྲིན་ཚོམས”ཀྱི་ལམ་ནས“བོད་ཀྱི་གཏམ་རྒྱུད”ཇི་ལྟར་གླེང་དགོས་མིན་བགྲོ་གླེང་བྱེད་པ།

2020-09-08 16:20:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱིས་གཙོ་གཉེར་བྱས་པའི“སྤེལ་རེས་དང་གླེང་མོལ། བོད་འབྲེལ་གྱི་རྒྱལ་སྤྱིའི་ཁྱབ་སྤེལ་སྤྲིན་ཚོམས་གླེང་སྟེགས”ཚེས་4ཉིན་དྲ་ཐོག་ཏུ་སྤེལ་བ་དང་། རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་བོད་འབྲེལ་གྱི་རྒྱལ་སྤྱིའི་ཁྱབ་སྤེལ་གྱི་ད་ཡོད་གནས་ཚུལ་དང་གསར་གཏོད་ཐབས་ལམ་སོགས་བརྗོད་གཞིར་བྱས་ནས་སྤེལ་རེས་གཏིང་ཟབ་བྱས་ཏེ་འཛམ་གླིང་ལ་དུས་རབས་གསར་པའི“བོད་ཀྱི་གཏམ་རྒྱུད”དེ་བས་ལེགས་པའི་སྒོ་ནས་ཤོད་པ་དང་བོད་ལྗོངས་གསར་པ་ཇི་ལྟར་གླེང་རྒྱུར་བགྲོ་གླེང་བྱས་པ་རེད།

ད་ཐེངས་ཀྱི་གླེང་སྟེགས་སུ་འཇར་མན་དང་། རི་པིན། ནེ་པ་ལ་སོགས་རྒྱལ་ཁབ་ཀྱི་སྐུ་མགྲོན་10ལྷག་ཙམ་གདན་དྲངས་པ་དང་། དེའི་ཁྲོད་ཀྱི་རྒྱལ་ནང་གི་རིགས་གཅིག་མཁས་ཅན་ནི་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་དང་། བོད་ལྗོངས་མི་རིགས་སློབ་ཆེན། ཆིང་ཧྭ་སློབ་ཆེན་སོགས་མཐོ་སློབ་མང་པོ་དང་ཞིབ་འཇུག་སྒྲིག་གཞི་ནས་ཡིན་པ་རེད། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་བོད་འབྲེལ་གྱི་ཕྱི་ཕྱོགས་ཁྱབ་སྤེལ་ཐབས་ལམ་དང་། བསམ་ཕྱོགས། ཀྲུང་ཧྭའི་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་འོག་གི་བོད་ལྗོངས་སོགས་ཀྱི་བརྗོད་གཞི་མང་པོར་གྲོས་བསྡུར་བྱས་པ་རེད།

ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་དགེ་རྒན་ཆེ་མོ་བ་ཏོན་ཕུང་གིས། ཏང་དང་རྒྱལ་ཁབ་ཀྱིས་སྔར་ནས་བཟུང་བོད་འབྲེལ་གྱི་ལས་དོན་ལ་མཐོང་ཆེན་གནང་བ་དང་། ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་གི་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་འོག་བོད་ལྗོངས་ལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། འགྲིམ་འགྲུལ་སྐྱེལ་འདྲེན། དབུལ་སྒྲོལ་འགག་སྒྲོལ། སློབ་གསོ་དང་སྨན་བཅོས་ཀྱི་ཕན་བདེ་སོགས་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་བོད་ཀྱི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། “བོད་ཀྱི་གཏམ་རྒྱུད”ཡག་པོ་གླེང་ནས་འཛམ་གླིང་ལ་དངོས་ཡོད་དང་། ཕྱོགས་མང་། ཕྱོགས་ཡོངས་བཅས་ཀྱི་བོད་ལྗོངས་དྲིལ་བསྒྲགས་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཡིན་ཞེས་བརྗོད།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཝང་ཡན་ཀྲུང་གིས། བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་སྣོད་བཅུད་དང་། ས་ཁམས་ཁོར་ཡུག གཞུང་དྲང་བབ་ཆགས་ཀྱི་དམངས་སྲོལ་བཅས་ཚང་མ་ནི་རྒྱལ་སྤྱིའི་ཁྱབ་སྤེལ་གྱི་བརྗོད་གཞི་ཡག་པོ་ཞིག་རེད། “བོད་ཀྱི་གཏམ་རྒྱུད”མུ་མཐུད་ཡག་པོ་གླེང་བར་བོད་འབྲེལ་སྐོར་གྱི་སྤེལ་རེས་དང་གླེང་མོལ་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མི་དམངས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་ཚད་དེ་བས་མང་དུ་གཏོང་དགོས་ཞེས་བརྗོད།

དངོས་མཚོན་གློག་བརྙན་གྱི་འཁྲབ་ཁྲིད་པ་ཡུལ་སྐོར་དབྱིན་ཡིག་ཆེད་ལས་ཀྱི་རྩོམ་པ་པོ་ཧྲུའུ་ཡུན་གྱིས་ལོ་10ལྷག་ཙམ་རིང་བོད་འབྲེལ་གྱི་རྒྱལ་སྤྱིའི་ཁྱབ་སྤེལ་གྱི་ལས་ལ་གཞོལ་ནས་བོད་ཀྱི་དངོས་མཚོན་གློག་བརྙན་མང་པོ་ཞིག་བརྙན་ལེན་བྱས་པར་རྒྱལ་ཁབ་ཕྱི་ནང་དུ་ཚུར་སྣང་ལན་ཆ་ཡག་པོ་བྱུང་ཡོད། ཁོང་གིས“བོད་དུ་གཏམ་རྒྱུད་ཡག་པོ་མང་པོ་འདུག བོད་ཀྱི་གཏམ་རྒྱུད་ཡག་ཤོས་ཇི་ལྟར་གླེང་བ་འཚོལ་ཞིབ་བྱེད་པ་ནི་སྤྲོ་སྣང་ལྡན་པའི་བྱ་བ་ཞིག་རེད”ཅེས་བརྗོད།

ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་རྒྱལ་སྤྱིའི་དུས་བབ་དང་ཆ་འཕྲིན་ལག་རྩལ་གསར་སྒྱུར་ཆེན་པོའི་རྒྱབ་ལྗོངས་གསར་པའི་འོག རྒྱལ་སྤྱིར་སྲོལ་རྒྱུན་དང་དེང་རབས་མཉམ་འབྲེལ་གྱི་བོད་ལྗོངས་གསར་པ་ཞིག་ཁྱབ་སྤེལ་གཏོང་བ་དང་། བོད་ཀྱི་འཕེལ་རྒྱས་ཀྱི་གཟུགས་བརྙན་གསར་པ་མངོན་པ། མི་རིགས་ཁག་གི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་ཇི་ལྟར་བྱེད་པའི་ཐད་ཞིབ་འཇུག་དབྱེ་ཞིབ་གཏིང་ཟབ་དང་གྲོས་བསྡུར་བྱེད་རིན་ཡོད་པའི་ངོས་འཛིན་བྱས་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

ཀྲུང་ཕྱིའི་རིགས་གཅིག་མཁས་ཅན་གྱིས“སྤྲིན་ཚོམས”ཀྱི་ལམ་ནས“བོད་ཀྱི་གཏམ་རྒྱུད”ཇི་ལྟར་གླེང་དགོས་མིན་བགྲོ་གླེང་བྱེད་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱིས་གཙོ་གཉེར་བྱས་པའི“སྤེལ་རེས་དང་གླེང་མོལ། བོད་འབྲེལ་གྱི་རྒྱལ་སྤྱིའི་ཁྱབ་སྤེལ་སྤྲིན་ཚོམས་གླེང་སྟེགས”ཚེས་4ཉིན་དྲ་ཐོག་ཏུ་སྤེལ་བ་དང་། རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་བོད་འབྲེལ་གྱི་རྒྱལ་སྤྱིའི་ཁྱབ་སྤེལ་གྱི་ད་ཡོད་གནས་ཚུལ་དང་གསར་གཏོད་ཐབས་ལམ་སོགས་བརྗོད་གཞིར་བྱས་ནས་སྤེལ་རེས་གཏིང་ཟབ་བྱས་ཏེ་འཛམ་གླིང་ལ་དུས་རབས་གསར་