ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

སྤྱི་ལོ2020ལོའི་ལོ་སྟོད་ཀྱི་དཔལ་འབྱོར་གྲངས་གཞི་ཐོན་པ་དང་ཞིང་ཆེན་19ཡི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་གཅིག་ལས་བརྒལ་བ།

2020-07-30 16:19:00     责编:sangjzm

འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ད་ལོའི་ལོ་སྟོད་དུ། རྒྱལ་ཡོངས་ཀྱི་ཞིང་ཆེན31གི་དཔལ་འབྱོར་འཕར་སྣོན་གྱི་སྟོན་གྲངས་གཙོ་བོ་ཚང་མ་ཐོན་ཡོད། རང་རྒྱལ་གྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་དུས་བབ་ལེགས་སུ་སོང་བ་དང་བསྟུན་ནས། ལས་སྒོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཐེབས་པ་དང་། ས་གནས་ཁག་གི་དཔལ་འབྱོར་བརྟན་པོའི་ཁྲོད་སླར་གསོ་ཡོང་བའི་འཕེལ་ཚུལ་ཐོན་ཡོད། གྲངས་གཞི་དེ་དག་ལས། ཀྲུང་གོའི་དཔལ་འབྱོར་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་གང་འདྲ་བྱུང་བ་མཐོང་ཐུབ་བམ་ཞེ་ན།

དཔལ་འབྱོར་བསྡོམས་འབོར་ངོས་ནས་བརྗོད་ན། མ་གཞི་ལོ་སྟོད་དུ་གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་ས་ཁུལ་ཁག་གི་དཔལ་འབྱོར་འཕར་སྣོན་འགྲོ་རྒྱུར་གནོན་ཤུགས་མི་ཉུང་བ་ཞིག་སྤྲད་ཡོད་མོད། འོན་ཀྱང་སྲོལ་རྒྱུན་དཔལ་འབྱོར་གྱི་ཞིང་ཆེན་ཆེ་གྲས་ཚོས་མུ་མཐུད་སྣེ་ཁྲིད་ཐུབ་ཡོད། ཀོང་ཏུང་ཞིང་ཆེན་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་49234དང་བྱེ་བ་2ཟིན་ནས་ཨང་དང་པོར་སླེབས་པ་དང་། ཅང་སུའུ་ཞིང་ཆེན་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ཨང་གཉིས་པར་སླེབས་ནས་སྒོར་དུང་ཕྱུར་46722དང་བྱེ་བ་9དང་ས་ཡ2ཟིན་པ། ཧྲན་ཏུང་ཞིང་ཆེན་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་33025དང་བྱེ་བ8ཟིན་ནས་ཨང་གསུམ་པར་སླེབས་ཡོད་པ་རེད། བསྡོམས་རྩིས་བརྒྱབ་པ་ལྟར་ན། ལོ་སྟོད་དུ་ཞིང་ཆེན་6གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་2ལས་བརྒལ་བ་དང་། ཞིང་ཆེན19ཡི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་ཡོད།

དེ་ནས་དཔལ་འབྱོར་འཕར་ཤུགས་ནས་བལྟས་ན། ལོ་སྟོད་དུ་ས་གནས་ཁག་གི་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་བྱུང་བ་དེ་དུས་ཚིགས་དང་པོ་དང་བསྡུར་ན་མངོན་གསལ་དོད་པོས་བསྐྱར་འཕར་བྱུང་ཡོད། དེའི་ནང་ཞིང་ཆེན་16གི་དཔལ་འབྱོར་འཕར་སྣོན་བཟང་པོ་བྱུང་བ་དེ། དུས་ཚིགས་དང་པོ་ལས་བརྒྱ་ཆའི་གནས15འཕར་ཡོད། ད་དུང་མ་གཞི་ཞིང་ཆེན་ཁ་ཤས་ཀྱི་དཔལ་འབྱོར་འཕར་ཚད་དུས་མཚུངས་ལས་ཆག་མོད། འོན་ཀྱང་ཆག་ཚད་མངོན་གསལ་དོད་པོས་ཆུང་དུ་ཕྱིན་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེ་ཤོས་ཀྱི་ཧུའུ་པེ་ཞིང་ཆེན་དུ། ལོ་སྟོད་དུ་དཔལ་འབྱོར་འཕར་ཤུགས་ཆེ་ཤོས་ཡིན་པ་དང་། ཆག་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་19.9ཆུང་དུ་ཕྱིན་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཀྲང་ལི་ཆུན་གྱིས། དེའི་ཐོག་ནས་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་དང་རང་ཉིད་རང་ངོས་སླར་གསོ་བྱེད་པའི་ནུས་པ་ཆེན་པོ་ཡོད་པ་མཚོན་ཡོད། ཀྲུང་གོའི་དཔལ་འབྱོར་ནི་མ་ལག་ཧྲིལ་པོ་ཞིག་དང་། རྒྱལ་ཡོངས་ཚང་མ་མིག་མང་སྒྲིག་སྒོར་ལྟ་བུར་གཅིག་གྱུར་ཡིན། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་སྟབས་གཅིག་མཚུངས་ཡིན་པ་གང་ཞིག དེའི་ཁྲོད་ས་གནས་ཁག་གི་དཔལ་འབྱོར་སླར་གསོའི་གཅིག་མཚུངས་རང་བཞིན་དེ་དུས་ཚིགས་གཉིས་པའི་ནང་ཧ་ཅང་གསལ་པོ་རེད་གསུངས་ཡོད།

རིམས་ནད་སྔོན་འགོག་དང་ཚོད་འཛིན། ལས་སྒོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ། ནང་མཁོ་རྒྱ་སྐྱེད་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བར། ཕན་འབྲས་མངོན་གསལ་ཐོན་པ་དང་བསྟུན། ད་ལོའི་ལོ་སྟོད་དུ། མ་འཇོག་དང་། འཛད་སྤྱོད། ཕྱིར་གཏོང་གཙང་མ་སོགས་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་དཔལ་འབྱོར་དམིགས་ཚད་གཙོ་བོ་དུས་ཚིགས་དང་པོ་དང་བསྡུར་ན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས། ས་ཁུལ་ཁག་གི་དཔལ་འབྱོར་འཕར་རྒྱུར་ཐུན་མོང་ཐོག་སྐུལ་ཁྲིད་ཐུབ་ཡོད།

ས་ཁོངས་དབྱེ་ནས་བལྟས་ན། ཤར་རྒྱུད་ཞིང་ཆེན་ཁྲོད་ཅང་སུའུ་དང་། ཀྲེ་ཅང་། ཧྥུའུ་ཅན་བཅས་ཞིང་ཆེན་གསུམ་གྱི་ལོ་སྟོད་ཀྱི་དཔལ་འབྱོར་འཕར་ཚད་དེ་ཆག་པ་ནས་འཕར་བའི་ཕྱོགས་སུ་བསྒྱུར་ཡོད། ཅང་སུའུ་ཞིང་ཆེན་གྱིས་མ་འཇོག་དང་། འཛད་སྤྱོད། ཕྱིར་གཏོང་བཅས་ཀྱི་དགོས་མཁོ་ཆེན་པོ་གསུམ་གྱིས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་སྐུལ་ཁྲིད་ནུས་པ་དུས་ཚིགས་དང་པོ་ལས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས། ཐུན་མོང་ཐོག་སྐུལ་ཁྲིད་བྱེད་པའི་དཔལ་འབྱོར་འཕར་ཚད་དེ་དུས་ཚིགས་དང་པོར་5.0%ཆག་པ་ནས་0.9%འཕར་ཏེ། ཤར་རྒྱུད་ས་ཁུལ་གྱི་མདུན་གྲལ་དུ་སླེབས་ཡོད། ཀྲེ་ཅང་ཞིང་ཆེན་དང་ཧྥུའུ་ཅན་ཞིང་ཆེན་གྱི་དཔལ་འབྱོར་འཕར་ཚད་དེ་0.5%ཟིན་པ་དེ། ཁག་སོ་སོར་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གནས་5.1དང་བརྒྱ་ཆའི་གནས་4.7འཕར་ཡོད།

དབུས་རྒྱུད་ཀྱི་ཞིང་ཆེན་ཁྲོད། ད་ལོའི་ལོ་སྟོད་དུ་ཧུའུ་ནན་ཞིང་ཆེན་གྱི་དཔལ་འབྱོར་འཕར་ཚད་དེ་སྣེ་ཁྲིད་ཀྱི་གནས་བབ་ཏུ་གནས་ཡོད་ཅིང་། ཞག་སྡོད་དང་བཟའ་བཏུང་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས། རིག་གནས་དང་ལུས་རྩལ་རོལ་རྩེད་བཅས་ལས་རིགས་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཅུང་ཆེ་ཙམ་ཕོག་རུང་སྔར་བཞིན་དལ་བུའི་ངང་སླར་གསོ་ཡོང་བཞིན་ཡོད། འོན་ཀྱང་ལས་རིགས་མང་ཆེ་བའི་འཕར་སྣོན་རིན་ཐང་ཚང་མ་འཕར་ཡོད་པ་དང་། དེའི་ནང་། ཞིང་ལས་དང་ནགས་ལས་འབྲོག་ལས་ཉ་ལས་བཅས་དང་། དེ་བཞིན་བཟོ་ལས་དང་ཨར་སྐྲུན་ལས་རིགས། དངུལ་རྩའི་ལས་རིགས་། ཞབས་ཞུའི་ལས་རིགས་གཞན་དག་བཅས་ཀྱིས་ཁྱོན་བསྡོམས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་བརྒྱ་ཆའི་གནས་2.7འཕར་བར་སྐུལ་ཁྲིད་བྱས་པས། དེའི་སྐུལ་ཁྲིད་འོག ལོ་སྟོད་དུ་དཔལ་འབྱོར་འཕར་ཚད་དུས་མཚུངས་ལས་1.3%འཕར་ནས་འཕར་སྣོན་བྱུང་ཡོད། དེ་དང་ཆབས་ཅིག་ཅང་ཞི་ཞིང་ཆེན་དང་ཨན་ཧུའེ་ཞིང་ཆེན་གྱི་འཕར་ཚད་ཆག་པ་ནས་འཕར་བའི་བར་མངོན་གྱུར་བྱུང་སྟེ་ཁག་སོ་སོར་0.9%དང་0.7%ཟིན་ཡོད།

ནུབ་རྒྱུད་ཀྱི་ཞིང་ཆེན་12ཁྲོད་བོད་རང་སྐྱོང་ལྗོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་འཕར་ཚད་5.1%ཟིན་པ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གནས་4.1གིས་མགྱོགས་པ་བྱུང་ཡོད། སི་ཁྲོན་དང་ཁྲུང་ཆིང་སོགས་ཞིང་ཆེན་9ཡི་དཔལ་འབྱོར་འཕར་ཚད་དེ་ཆག་པ་ནས་འཕར་བའི་བར་བསྒྱུར་བ་བྱུང་ཡོད། དེའི་ནང་ཁྲུང་ཆིང་གྲོང་ཁྱེར་གྱི་འཕར་ཚད་ཆེ་ཤོས་ཡིན་པ་དང་དུས་ཚིགས་དང་པོར་6.5%ཆག་པ་ནས་0.8%འཕར་བའི་བར་འགྱུར་ལྡོག་ཕྱིན་ཡོད།

བྱང་ཤར་གྱི་ཞིང་ཆེན་གསུམ་གྱི་ནང་། ལེའོ་ཉིང་ཞིང་ཆེན་གྱི་ལོ་སྟོད་ཀྱི་དཔལ་འབྱོར་འཕར་ཚད་དུས་མཚུངས་ལས་3.9%ཆག་པ་དང་ཆག་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གནས3.8དམའ་རུ་ཕྱིན་པ། ཅི་ལིན་ཞིང་ཆེན་དང་ཧེ་ལུང་ཅང་ཞིང་ཆེན་གྱི་དཔལ་འབྱོར་འཕར་ཚད་ཆག་པའི་ཆ་སྙོམས་བསྡུར་ཚད་དེ་དུས་ཚིགས་དང་པོ་ལས་ཅུང་དམའ་རུ་ཕྱིན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有

སྤྱི་ལོ2020ལོའི་ལོ་སྟོད་ཀྱི་དཔལ་འབྱོར་གྲངས་གཞི་ཐོན་པ་དང་ཞིང་ཆེན་19ཡི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་གཅིག་ལས་བརྒལ་བ།

ད་ལོའི་ལོ་སྟོད་དུ། རྒྱལ་ཡོངས་ཀྱི་ཞིང་ཆེན31གི་དཔལ་འབྱོར་འཕར་སྣོན་གྱི་སྟོན་གྲངས་གཙོ་བོ་ཚང་མ་ཐོན་ཡོད། རང་རྒྱལ་གྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་དུས་བབ་ལེགས་སུ་སོང་བ་དང་བསྟུན་ནས། ལས་སྒོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཐེབས་པ་དང་། ས་གནས་ཁག་གི་དཔལ་འབྱོར་བརྟན་པོའི་ཁྲོད་སླར་གསོ་ཡོང་བའི་འཕེལ་ཚུལ་ཐོན་ཡོད། གྲངས་གཞི་དེ་དག་ལས། ཀྲུང་གོའི་དཔལ་འབྱོར་ལ་དགེ་