ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བོད་ཀྱི་ཤང་དང་གྲོང་རྡལ་གྱི་འཕྲལ་སྡོམ་དོ་དམ་སྒྲིག་གཞི་ཐོག་མ་དེ་ཡུལ་སྨད་དུ་བཙུགས་པ།

2020-07-28 17:36:00     责编:sangjzm

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་26ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་ཏང་ཨུད་ཀྱིས་ལོ་ཧྲིལ་པོའི་ལས་ཀའི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་རང་ལྗོངས་ཀྱི་ཤང་དང་གྲོང་རྡལ་གྱི་འཕྲལ་སྡོམ་དོ་དམ་ས་ཚིགས་ཐོག་མ་དེ་བཙུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འཕྲལ་སྡོམ་དོ་དམ་ས་ཚིགས་དེ་ནི་ཡུལ་སྨད་ཤང་གི་དཔལ་འབྱོར་འཕེལ་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་ཕྱོགས་བསྡུས་གཞུང་ལས་ཁང་གི་སྒོ་བྱང་བཀལ་བའི་སྒྲིག་གཞི་ཞིག་ཡིན་པ་དང་། གཙོ་བོ་ཡུལ་སྨད་ཤང་ཁོངས་གཏོགས་ཀྱི་བདེ་འཇགས་ཐོན་སྐྱེད་དང་། འཕྲལ་སྡོམ་རོགས་སྐྱོབ། མེ་ཟོན་བདེ་འཇགས་སོགས་འཕྲལ་སྡོམ་དོ་དམ་ལས་དོན་གྱི་འགན་འཁུར་རྒྱུ་རེད། འཕྲལ་སྡོམ་དོ་དམ་ས་ཚིགས་ཀྱི་རྒྱུན་གཏན་གྱི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་རྒྱུའི་འགན་ལེན་བྱ་ཆེད། ཡུལ་སྨད་ཤང་གི་འཕྲལ་སྡོམ་དོ་དམ་རོགས་སྐྱོར་རུ་ཁག་དེ་དུས་གཅིག་ཏུ་བཙུགས་པ་རེད། འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་གི་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་འགན་ལེན་ཏན་ཏིག་བྱ་ཆེད། བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་ཡུལ་སྨད་ཤང་འཕྲལ་སྡོམ་དོ་དམ་ས་ཚིགས་ཀྱི་འཕྲལ་སྡོམ་རོགས་སྐྱོར་དཔུང་ཁག་ལ་གུར་དང་། མི་སྒེར་གྱི་འགོག་སྲུང་གདོང་ཁེབས། གྲང་འགོག་གོས་རིང་། ཉལ་ཤུབས། ཆུ་འཐེན་འཕྲུལ་འཁོར་སོགས་མེ་གསོད་སྒྲིག་ཆས་སྤྲད་པ་དང་ཆབས་ཅིག་འབྲེལ་ཡོད་མི་སྣར་དུས་ཡུན་གཟའ་འཁོར་གཉིས་ཀྱི་རིགས་པའི་གཞུང་ལུགས་གི་གསོ་སྦྱོང་དང་དངོས་འཐབ་སྦྱོང་བརྡར་ཡང་བྱས་པ་རེད།

ཡུལ་སྨད་ཤང་གི་འཕྲལ་སྡོམ་དོ་དམ་ས་ཚིགས་བཙུགས་པ་དེས་བོད་ཀྱི་གཞི་རིམ་གྱི་འཕྲལ་སྡོམ་དོ་དམ་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་དཔེ་སྟོན་གྱི་ནུས་པ་ཐོན་རྒྱུ་དང་ཆབས་ཅིག“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྩོན་ལེན་གྱིས་མཐའ་སྲུང་མཐའ་བརྟན་དེ་བས་ལེགས་པ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་པ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད།

中央广播电视总台 央广网 版权所有

བོད་ཀྱི་ཤང་དང་གྲོང་རྡལ་གྱི་འཕྲལ་སྡོམ་དོ་དམ་སྒྲིག་གཞི་ཐོག་མ་དེ་ཡུལ་སྨད་དུ་བཙུགས་པ།

ཤེས་རྟོགས་བྱུང་བར་གཞིགས་ན། འཕྲལ་སྡོམ་དོ་དམ་ས་ཚིགས་དེ་ནི་ཡུལ་སྨད་ཤང་གི་དཔལ་འབྱོར་འཕེལ་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་ཕྱོགས་བསྡུས་གཞུང་ལས་ཁང་གི་སྒོ་བྱང་བཀལ་བའི་སྒྲིག་གཞི་ཞིག་ཡིན་པ་དང་། གཙོ་བོ་ཡུལ་སྨད་ཤང་ཁོངས་གཏོགས་ཀྱི་བདེ་འཇགས་ཐོན་སྐྱེད་དང་། འཕྲལ་སྡོམ་རོགས་སྐྱོབ། མེ་ཟོན་བདེ་འཇགས་སོགས་འཕྲལ་སྡོམ་དོ་དམ་ལས་དོན་གྱི་འགན་འཁུར་རྒྱུ་རེད། འཕྲལ་སྡོམ་དོ་དམ་ས་ཚིགས་ཀྱི་རྒྱུན་གཏན་གྱི་ལས་དོན་གོ་རིམ་ལྡན་