ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཕྱག་རི་ཆུ་འགྲམ་ནས་རེ་བའི་མྱུ་གུ་འབུས།

2020-06-29 21:31:00     责编:sangjzm
     ས་ཁྱོན་མུའུ་400ལྷག་ཙམ་ཟིན་པའི་ས་མཐོའི་སྐྱེ་དངོས་གླིང་སྐྲུན་པའི་རྩིག་རྨང་འདིང་འགོ་ཚུགས་པ་མ་ཟད། སྐྱེ་དངོས་གླིང་གིས་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ཀྱི་ལས་གནས་མང་པོ་མཁོ་འདོན་བྱས་ཡོད། སྐྱེ་དངོས་གླིང་སྐྲུན་སྐབས་ས་གནས་ཀྱི་ལས་མི་མང་བའི་དུས་སུ་མི་100ལྷག་ཙམ་ཟིན་གྱི་ཡོད། སྐྱེ་དངོས་གླིང་བསྐྲུན་རྗེས་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ཀྱི་ལས་གནས་ཡུན་རིང་མཁོ་འདོན་བྱ་རྒྱུ་རེད།
     སི་ཁྲོན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རྟའུ་རྫོང་གི“ཁམས་པའི་ས་མཐོའི་སྐྱེ་དངོས་གླིང”ཨར་མཇུག་འགྲིལ་མཚམས་སུ་སླེབས་ཡོད། ཤེལ་སྒོའི་དྲོད་ཁང་གི་འགྲེམས་སྟོན་ཁང་ནང་ཡོད་པའི་ལོ་43ལ་སླེབས་པའི་སྒྲོལ་མ་ལྷ་མོ་ནི་རྟའུ་རྫོང་ཕྱག་རི་གྲོང་རྡལ་གྲོང་ལྷོ་གྲོང་ཚོའི་དུད་ཚང་དབུལ་པོ་ཞིག་ནས་ཡིན་པ་དང་། ལོ་གསུམ་གོང་དུ། ཁོང་གིས་སྒོ་རྩར་སྐྱེ་དངོས་གླིང་བསྐྲུན་རྒྱུ་ཡིན་པའི་སྐོར་ཐོས་པའི་སྐབས། “ང་ཚོའི་ཕྱག་རིའི་ཆུ་འགྲམ་དུ་བྱེ་རྡོས་ཁེངས་ནས་འབྲུ་རིགས་ཀྱང་སྐྱེ་གི་མེད་པས་དེར་སྐྱེ་དངོས་གླིང་བསྐྲུན་ཐུབ་བམ”ཞེས་ཧང་སངས་ནས་བཤད།
     མི་རིང་བར་ས་ཁྱོན་མུའུ་400ལྷག་ཙམ་ཟིན་པའི་ས་མཐོའི་སྐྱེ་དངོས་གླིང་སྐྲུན་པའི་རྩིག་རྨང་འདིང་འགོ་ཚུགས་པ་མ་ཟད། གྲོང་ཚོའི་དུད་ཚང་དབུལ་པོའི་མི་རྣམས་དེར་ལས་ཀ་བྱེད་པར་འགྲོ་རྒྱུའི་སྐུལ་སློང་ཡང་བྱས། དེར་གླ་པར་ཕྱིན་ན་སྒོ་རྩ་ནས་ཡོང་འབབ་གསོག་ཐུབ་ལ་ཁྱིམ་ཚང་ལའང་ལྟ་རྟོག་བྱ་རྒྱུར་སྟབས་བདེ་པོ་ཡོད་ཅེས་ཡུལ་མི་ཁ་ཤས་ཀྱིས་བཤད།
     གསར་འགོད་པར་ཤེས་རྟོགས་བྱུང་བར། ས་རྒྱུ་ལེགས་སུ་གཏོང་ཆེད། རྟའུ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རིགས་གཅིག་མཁས་ཅན་སྐྱེ་དངོས་གླིང་ལ་གདན་དྲངས་ཏེ་ཁྱོན་ཡོངས་ནས་འཆར་འགོད་དང་ཇུས་འགོད་བྱས་ནས་འབད་བརྩོན་བྱས་པ་བརྒྱུད་བྱེ་རྡོས་ཁེངས་པའི་ས་ཆ་དེར་སྐྱེ་དངོས་སྐྱེ་རྒྱུར་འཚམ་པའི་ས་རྒྱུ་ཞིག་བདེ་བླག་ངང་གསར་སྦོལ་ཐུབ་ཡོད།
     སྐྱེ་དངོས་གླིང་གི་འགན་འཁུར་བ་ཧོ་ཞིང་མིང་གིས། སྐྱེ་དངོས་གླིང་གིས་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ཀྱི་ལས་གནས་མང་པོ་མཁོ་འདོན་བྱས་ཡོད། སྐྱེ་དངོས་གླིང་སྐྲུན་སྐབས་ས་གནས་ཀྱི་ལས་མི་མང་བའི་དུས་སུ་མི་100ལྷག་ཙམ་ཟིན་གྱི་ཡོད། སྐྱེ་དངོས་གླིང་བསྐྲུན་རྗེས་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ཀྱི་ལས་གནས་ཡུན་རིང་མཁོ་འདོན་བྱ་རྒྱུ་རེད་ཅེས་གསར་འགོད་པར་བཤད་བྱུང་།
     གླིང་ཁུལ་དུ་གླ་པ་རྒྱུག་ནས་གྲོང་ལྷོ་གྲོང་ཚོའི་དུད་ཚང་དབུལ་པོ་དབུལ་སྒྲོལ་བྱུང་བའི་གནས་ཚུལ་གང་སར་ཁྱབ་རྗེས་ཡུལ་མི་མང་པོ་ཞིག་སྐྱེ་དངོས་གླིང་གི་འཛུགས་སྐྲུན་ལ་ཞུགས་པ་རེད།
     ད་ཆ་སྐྱེ་དངོས་གླིང་ལ་ས་མཐོའི་དམིགས་བསལ་གྱི་སྐྱེ་དངོས་སྣ་ཁ་མང་པོ་ནང་འདྲེན་བྱས་ཡོད། ས་ཁྱོན་སྨི་ངོས་གྲུ་5200ཟིན་པའི་དེང་རབས་ཅན་གྱི་དྲོད་ཁང་འགྲེམས་སྟོན་ཁང་སྟར་པ་གཉིས་ལ་མེ་ཏོག་དང་རྩི་ཤིང་སྣ་ཁ་183བཏབ་ཡོད། སྐྱེ་དངོས་གླིང་ལ་རྐང་འཁོར་བཞོན་ནས་འགྲོ་སའི་སྐོར་ལམ་སྤྱི་ལེ་3.2ཙམ་བཟོས་ཡོད་པས་ཡུལ་སྐོར་བས་སྐྱེ་དངོས་མི་འདྲ་བའི་སྐྱེ་ཚུལ་ལ་ཞིབ་ལྟ་བྱེད་ཆོག་གི་ཡོད།
     “རྨང་གཞིའི་སྒྲིག་བཀོད་བསྐྲུན་རྗེས། ཤིང་སོན་དབོར་མཁན་གྱི་རླངས་འཁོར་གཅིག་རྗེས་གཉིས་མཐུད་ངང་ཡོང་བ་དང་། ང་ཚོས་ཤིང་སོན་ཁ་ཤས་ཀྱི་མིང་ཡང་ཤེས་ཀྱི་མེད”ཅེས་སྒྲོལ་མ་ལྷ་མོས་བཤད།
     “ང་རང་མེ་ཏོག་ལ་ཧ་ཅང་དགའ་པོ་ཡོད། རང་ཁྱིམ་ལའང་མེ་ཏོག་མང་པོ་བཏབ་ཡོད། དེར་ལས་ཀ་བྱེད་སྐབས་ཡང་མེ་ཏོག་འདེབས་པའི་ལག་རྩལ་མང་པོ་ཤེས་བྱུང་། སླད་ཕྱིན་སྐྱེ་དངོས་གླིང་ལ་ཡོང་འབབ་མང་པོ་བྱུང་ནས་རང་ཁྱིམ་ལ་ཡོང་སྒོ་མང་པོ་རག་རྒྱུའི་རེ་བ་ཡོད”ཅེས་དྲོད་ཁང་འགྲེམས་སྟོན་ཁང་དུ་མེ་ཏོག་དང་རྩི་ཤིང་ལ་གཡོག་བྱེད་རྒྱུག་བཞིན་པའི་སྒྲོལ་མ་ཆུང་འབྲུག་གིས་བཤད།
     “མ་ཟུར་ཤང་དབུལ་སྒྲོལ་འགག་སྒྲོལ་ནགས་བཟོའི་མཉམ་ལས་ཁང”གིས་སྐྱེ་དངོས་གླིང་གི་ཨར་སྐྲུན་ཁག་གཅིག་འགན་གཙང་བླངས་བ་རེད། འགན་འཁུར་བ་ལེའང་ཏེང་ལུང་གིས། སྐྱེ་དངོས་གླིང་ཉེ་འགྲམ་གྱི་གྲོང་ཚོ་འགས་མཉམ་དུ་མཉམ་ལས་ཁང་དེ་བཙུགས་པ་དང་། གྲོང་ཚོ་འགའི་དུད་ཚང་དབུལ་པོ་ཚང་མས་དེར་གླ་པ་རྒྱུག་པར་ཡོང་ནས་སྐྱེ་དངོས་གླིང་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད་པ་མཐོང་དུས་ཚང་མའི་ལས་ཀ་བྱེད་སེམས་ཤུགས་ཆེར་འཕེལ་བཞིན་ཡོད་ཅེས་བཤད།

中央广播电视总台 央广网 版权所有

ཕྱག་རི་ཆུ་འགྲམ་ནས་རེ་བའི་མྱུ་གུ་འབུས།

ས་ཁྱོན་མུའུ་400ལྷག་ཙམ་ཟིན་པའི་ས་མཐོའི་སྐྱེ་དངོས་གླིང་སྐྲུན་པའི་རྩིག་རྨང་འདིང་འགོ་ཚུགས་པ་མ་ཟད། སྐྱེ་དངོས་གླིང་གིས་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ཀྱི་ལས་གནས་མང་པོ་མཁོ་འདོན་བྱས་ཡོད། སྐྱེ་དངོས་གླིང་སྐྲུན་སྐབས་ས་གནས་ཀྱི་ལས་མི་མང་བའི་དུས་སུ་མི་100ལྷག་ཙམ་ཟིན་གྱི་ཡོད། སྐྱེ་དངོ