ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

དཀར་མཛེས་ནས་སྐར་མ་དགུ་བཅུ་འཕུར་རྗེས་ལྷ་སའི་པོ་ཏ་ལ་འཇལ་ཆོག

2020-06-29 21:07:00     责编:sangjzm
       དེ་རིང་ནས་བཟུང་། དཀར་མཛེས་ཁུལ་གྱི་དཀར་མཛེས་གེ་སར་གནམ་ཐང་ནས་ལྷ་སའི་གོང་དཀར་གནམ་ཐང་བར་དང་། ལྷ་སའི་གོང་དཀར་གནམ་ཐང་ནས་དཀར་མཛེས་གེ་སར་གནམ་ཐང་བར་གནམ་གྲུ་འཕུར་འགོ་བརྩམས་པ་དང་། དཀར་མཛེས་ནས་ལྷ་སའི་བར་ཆུ་ཚོད་གཅིག་དང་ཕྱེད་ཀ་ལས་འགོར་གྱི་མེད། མཁའ་ལམ་གསར་པ་དེ་ནི་སི་ཁྲོན་མཁའ་འགྲུལ་ཀུང་སིས་འགན་ཁུར་བ་དང་། འཕུར་བསྐྱོད་བྱེད་པའི་གནམ་གྲུ་ནིA319ཡིན་ཞིང་། རེས་གཟའ་ཟླ་བ་དང་ལྷག་པ། པ་སངས།ཉི་མ་བཅས་ལ་འཕུར་འོང་བྱེད་ཀྱི་ཡོད།
       གནམ་གྲུ་འཕུར་བའི་དུས་ཚོད་ནི་རེས་གཟའ་ཟླ་བ་དང་ལྷག་པ།པ་སངས། ཉི་མ་བཅས་ཀྱི་ཆུ་ཚོད9དང་སྐར་མ10ནས་ཆུ་ཚོད10དང་སྐར་མ35ཡི་བར་ལྷ་ས་གོང་དཀར་གནམ་ཐང་ནས་དཀར་མཛེས་གེ་སར་གནམ་ཐང་བར་འཕུར་བའི་གནམ་གྲུའི་ཨང་གྲངས3U3741ཡིན་པ་དང་། ཆུ་ཚོད14དང་སྐར་མ55ནས་ཆུ་ཚོད16དང་སྐར་མ30ཡི་བར་དཀར་མཛེས་གེ་སར་གནམ་ཐང་ནས་ལྷ་སའི་གོང་དཀར་གནམ་ཐང་བར་འཕུར་བའི་གནམ་གྲུའི་ཨང་གྲངས3U3742ཡིན་པ་རེད།
 
 
       སྤ་སེ་མངག་ཉོའི་ཐད་སྦྲེལ་ཁ་པར་ནི028-61512291ཡིན།
 
 
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 
ཞུ་དག ཟླ་བ་ཚེ་རིང་། 
སྒྲིག་སྒྱུར། ཀུན་བཟང་དབང་མོ། 

中央广播电视总台 央广网 版权所有

དཀར་མཛེས་ནས་སྐར་མ་དགུ་བཅུ་འཕུར་རྗེས་ལྷ་སའི་པོ་ཏ་ལ་འཇལ་ཆོག

དེ་རིང་ནས་བཟུང་། དཀར་མཛེས་ཁུལ་གྱི་དཀར་མཛེས་གེ་སར་གནམ་ཐང་ནས་ལྷ་སའི་གོང་དཀར་གནམ་ཐང་བར་དང་། ལྷ་སའི་གོང་དཀར་གནམ་ཐང་ནས་དཀར་མཛེས་གེ་སར་གནམ་ཐང་བར་གནམ་གྲུ་འཕུར་འགོ་བརྩམས་པ་དང་། དཀར་མཛེས་ནས་ལྷ་སའི་བར་ཆུ་ཚོད་གཅིག་དང་ཕྱེད་ཀ་ལས་འགོར་གྱི་མེད། མ