ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རི་མོའི་སྒྱུ་རྩལ་ལམ་ནས་སློབ་མ་བསྐྱངས། དགེ་སློབ་བརྩེ་བ་བྲལ་མེད་ཉ་ཆུ་འདྲ།

2020-06-28 15:59:00     责编:sangjzm
    ཧོ་ནན།
    འདི་ག་ནི་འགྲུལ་པ་ཚོའི་པར་རྒྱག་ས་རེད། རླངས་འཁོར་འདི་ནས་བསྐྱོད་སྐབས་ངས་ཀྱང་པར་ཞིག་བརྒྱབ་པ་ཡིན། ནམ་མཁའ་གཡའ་དག་ལ་མཐའ་བཞི་གངས་རིས་བསྐོར་བ་དང་། བྱ་བྱིའུ་ཅི་དགར་འཕུར་ལྡིང་བྱེད་ཅིང་ཕྱོགས་གང་ས་ནས་ཉམས་དགའ་བའི་རྣམ་པ་ཞིག་མངོན། གྲང་རླུང་ལྡང་ནས་ཁ་འདར་ཤོར་རུང་སེམས་པ་དྲོ་སོབ་སོབ་ཏུ་གྱུར། རྒྱབ་ཕྱོགས་ཀྱི་མི་རིང་བའི་སར“ས་བབ་མཐོ་ཚད་སྨི་4815ཡོད་པའི་ཧ་ཤུལ་ལའི་ལ་ཉག”ཅེས་བྲིས་པའི་ལམ་རྟགས་དེས་ང་རང་ལ་ཡུལ་ཤུལ་དང་འབྲེལ་བའི་གཏམ་རྒྱུད་ཅིག་ཤོད་པ་དང་མཚུངས། དེ་ཉིད་མཐོང་བ་ཙམ་གྱིས་ང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་།
    ཡུལ་ཤུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་གསུམ་གྱི་ཆུ་འགོར་ཆགས་ཡོད། གངས་ཆུ་དང་ལམ་བར་གྱི་ཆུ་ཕྲན་དག་ལེ་དབར་སྟོང་ཕྲག་གི་བཞུར་རྒྱུན་ལས་མཐར་རྒྱ་མཚོ་གཅིག་ཏུ་འདུས་ནས་ལོ་རྒྱུས་ཀྱི་ངོ་མཚར་བཏོད་ཡོད། འདི་གར་2010ལོའི་ཟླ་4ཚེས་14ཉིན་ས་ཡོམ་བརྒྱབ་ནས་མི་མང་པོར་སེམས་ཁྲལབྱུང་ཡོད། འོན་ཀྱང་ཏང་དང་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་དེ་གར་དམིགས་བསལ་གྱི་ཐུགས་ཁུར་གནང་བས་བརྩེ་སེམས་མཚོན་པའི་བརྗིད་ཆེའི་གླུ་དབྱངས་ཤིག་བརྩམས་ཡོད།
    ད་ཐེངས་ང་རང་ཡུལ་ཤུལ་ལ་ཡོང་དོན་ནི་བོད་རིགས་ཕྲུ་གུ་ཁྱུ་གཅིག་གི་ཆེད་དུ་ཡིན། སྒྱུ་རྩལ་གྱིས་ཁོ་ཚོའི་འཚོ་བར་འོད་སྣང་སྦྱིན་ཡོད་ལ། ང་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་ཀྱང་རྙེད་བྱུང་།
ཡུལ་ཤུལ་གྲོང་ཁྱེར་གྱི་ཆ་ཚང་སློབ་ཆུང་དང་པོའི་སློབ་ཁྲིད་ཐོག་ཁང་གི་ཐོག་སོ་གསུམ་པར་རི་མོ་ཁང་གཅིག་ཡོད། དེ་གར་འཛུལ་མ་ཐག་གསོན་ཉམས་དོད་ལ་ཧ་ཅང་ཆེ་བའི《གཙང་གསུམ་ཆུ་འགོ》ཞེས་པའི་རི་མོ་དེས་ངའི་ཡིད་ཀྱི་བརྟན་པ་དབང་མེད་འཕྲོག དེ་ཡང་རི་མོ་དེ་ནི་ཤིང་སྒྲོམ་སྟར་པ་ཞིག་གི་ཐོག་བཞག་ནས་ཁང་པའི་གྱང་ངོས་ལ་བརྙེས་ཡོད་པ་དང་། ཞེང་ཚད་ཤིན་ཏུ་ཆེ་བས་མི་རྣམས་ཧང་སངས་དགོས་པ་ཞིག་འདུག
     རི་མོ་དེ་ནི་རི་མོ་ཁང་གི་འགན་འཁུར་བ་ཁྲེན་ཡིའུ་ལུང་གིས་འཆར་འགོད་བྱས་ཤིང་། དགེ་རྒན་བཞི་དང་སློབ་མ་བཅོ་བརྒྱད་ཀྱིས་མཉམ་དུ་ལེགས་གྲུབ་བྱས་པ་ཞིག་རེད། “དགེ་རྒན་བཞི་པོས་རམ་འདེགས་བྱས་པ་ལས་སློབ་མ་ནི་གཙོ་ཤུགས་འདོན་མཁན་རེད”ཅེས་རྒན་ཁྲེན་ལགས་ཀྱིས་སྤོབས་སེམས་ཆེན་པོས་བཤད། ཁོང་གིས“རི་མོ་དེ་ནི་ཕྲུ་གུ་ཚོས་སློབ་སྦྱོང་བྱེད་ཞོར་དུ་ལེགས་གྲུབ་བྱས་པ་ཞིག་རེད། ལོ་གཉིས་དང་ལོ་ཕྱེད་ཙམ་འགོར་ཡོད”ཅེས་བཤད།
    ངས་རི་མོ་འདིར་ཅེ་རེར་ལྟ་སྐབས། བརྗིད་ཆགས་ཉམས་ལྡན་གྱི་གཙང་ཆུ་འཁྱིལ་བ་དང་། མུ་ཁྱུད་དུ་འབྲེལ་བའི་གངས་རི་འགྱིང་ངེར་གནས་པ། ཟིལ་རླབས་དགུང་དུ་འཕྱུར་ལ་རྫིག་ཉམས་དོད་ཅིང་། རི་མོ་དེ་ལས་འདྲེན་བྱེད་མདུན་གྱི་རི་ཁྲོད་དུ་འདབ་ཆགས་འཕུར་ལྡིང་བྱེད་པ་བཞིན་ཁ་བའི་གྲང་བསིལ་ཚོར་ཐུབ་པ་དང་གཙང་ཆུའི་ཤར་སྒྲའང་དུས་མཚུངས་སུ་རྣ་ལམ་དུ་ཐོས་པ་ལྟར་མི་ཚོར་མངོན་སུམ་གྱི་ཚོར་སྣང་ཞིག་ངམ་ངམ་ཤུགས་ཀྱིས་སྦྱིན། རི་མོ་དེ་པར་རིས་ཆུང་གྲས་བཅུ་ལས་གྲུབ་པ་དང་། ཕན་ཚུན་ཤིན་ཏུ་ནས་འབྲེལ་ཆགས་པ་ཞིག་ཡོད།
     ངས“རི་མོ་དེ་གསར་རྩོམ་བྱེད་དོན་གང་ཡིན”ཞེས་དྲིས་པ་ཡིན།
   “དྲིན་ཚོར་ཆེད་ཡིན”ཞེས་རྒན་ཁྲེན་ལགས་ཀྱིས་བཤད་པ་དང《གཙང་གསུམ་ཆུ་འགོ》གསར་རྩོམ་བྱེད་པའི་ཐོག་མའི་བསམ་འདུན་དྲིན་ཚོར་ཆེད་ཡིན་པ་དང་། ས་ཡོམ་བརྒྱབ་རྗེས་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་དྲིན་ཚོར་བ། སླར་གསོ་ཐུབ་པའི་ཡུལ་ཤུལ་གསར་པའི་དྲིན་ཚོར་བ་ལ་སོགས་མདོར་ན《གཙང་གསུམ་ཆུ་འགོ》ལ་བརྩེ་སེམས་དུ་མ་གཅིག་ཏུ་བསྡུས་ཡོད།
    ངས《གཙང་གསུམ་ཆུ་འགོ》ཡི་གསར་རྩོམ་གཙོ་བོ་བྱེད་མཁན་གྱི་གྲས་ཤིག་ཡིན་པའི་གྲགས་པར་བཅར་འདྲི་བྱེད་སྐབས། ཁོང་ཡུལ་ཤུལ་གྲོང་ཁྱེར་གྱི་མི་རིགས་སློབ་འབྲིང་གཉིས་པར་སློབ་གྲྭ་འགྲིམ་བཞིན་འདུག 2017ལོར་གྲགས་པ་པེ་ཅིང་དུ་ཐེངས་དང་པོ་བསྐྱོད་པ་དེ། ད་བར་གྱི་འགྲོ་ཐེངས་ཐོག་མ་དེའང་ཡིན་ཞིང་། སྐབས་འདིར་ཐག་རིང་ནས་ཡོང་བའི་ཕྲུ་གུ་ཚོའི་རི་མོ་འབྲི་རྩལ་ལ་ཞིབ་བཤེར་བྱ་ཆེད་ཕྲུ་གུ་ཚོ་ཡུན་ཧོ་གཙང་འགྲམ་དུ་རི་མོ་འབྲི་བར་བཀོད་སྒྲིག་བྱས། རྦ་རླབས་ལང་ལོང་དུ་འཕྱུར་བའི་ཡུན་ཧོ་གཙང་ཆུ་དང་དབེན་འཇམ་གྱི་ཡུན་ཧོ་ཟམ་ཆེན་མདུན་དུ་གྲགས་པའི་རིག་པའི་ཀློང་བརྡོལ་ཏེ་ཟམ་ཆེན་དང་། གཙང་ཆུ། སྤྲིན་པ་ལ་སོགས་གློ་བུར་དུ་ཅིག་ཅར་དུ་འཆར་ནས་རི་མོའི་ནང་དོན་གཙོ་བོར་གྱུར། རིག་པ་རྩེ་གཅིག་ཏུ་སྒྲིམ་བཞིན་པའི་ཕྲུ་གུ་ཚོས་མི་མང་པོའི་ཡིད་དབང་འཕྲོག་ནས་དགའ་སྣང་ཆེན་པོས་བརྩམས་ཆོས་ལ་ལྟ་བཞིན་གདེང་འཇོག་བྱས། གྲགས་པའི་རི་མོ་བྲིས་ཟིན་མེད་མོད། འོན་ཀྱང་སྐུ་ཞབས་ཤིག་གིས་རི་མོ་དེ་ཉར་ཚགས་བྱེད་ཀྱི་ཡིན་ཞེས་འཕྲལ་དུ་བཤད།
    སྐབས་དེ་དུས་སྐུ་ཞབས་དེར་ལས་ཀ་དོན་ནས་ཕྱིར་བསྐྱོད་པ་དང་གྲགས་པས་རི་མོ་བྲིས་ཚར་ནའང་སྐུ་ཞབས་དེ་སླེབས་མེད། དེས་ན་སྣེ་ཁྲིད་མཁན་སློབ་སྤྱི་ཀུན་དགའ་དོན་གྲུབ་དང་དགེ་རྒན་ཁྲེན་ཡིའུ་ལུང་གིས་རི་མོ་དེ་ཡུལ་ཤུལ་དུ་འཁྱེར།
    ཉིན་ཞིག་སློབ་སྤྱི་ཀུན་དགའ་དོན་གྲུབ་ལ་གློ་བུར་དུ་ཁ་པར་ཞིག་འབྱོར་བ་དང་ཁ་པར་དེ་ནི་གྲགས་པས་བྲིས་པའི་རི་མོ་ཉར་ཚགས་བྱེད་ཀྱི་ཡིན་ཞེས་ཟེར་མཁན་སྐུ་ཞབས་དེས་བརྒྱབ་པ་ཞིག་ཡིན་ཞིང་། ཁོང་གིས་རི་མོ་དེ་ཁོང་ལ་བསྐུར་རྒྱུའི་རེ་བ་ཞུས། སྐུ་ཞབས་དེས་གྲགས་པའི་བརྩམས་ཆོས་རྩ་བ་ནས་བརྗེད་མེད་པར་མི་མང་པོ་དང་འབྲེལ་གཏུག་བྱས་པ་བརྒྱུད་གཞི་ནས་དེ་གའི་འབྲེལ་གཏུག་ཁ་པར་རྙེད་ཙམ་བྱུང་བ་རེད།
    ང་ཚོས་ད་དུང་རི་མོ་འབྲི་མཁན་བཀྲ་རྒྱལ་ལའང་བཅར་འདྲི་བྱས་པ་ཡིན། ཁོང་གིས་ད་ལྟ་ཐང་ག་འབྲི་རྩལ་སྦྱངས་ནས་ཕྱིས་སུ་རི་མོའི་དགེ་རྒན་ཞིག་བྱས་ཏེ་བོད་རིགས་ཕྲུ་གུ་དེ་བས་མང་བར་སྒྱུ་རྩལ་གྱི་ཤུགས་རྐྱེན་བཟང་པོ་ཐེབས་པ་བྱེད་ཀྱི་ཡིན་ཞེས་བཤད་བྱུང་།
    ངས་རྒན་ཁྲེན་ཡིའུ་ལུང་གིས་ཁོང་གི་དགེ་ཕྲུག་བཟང་པོ་གྲགས་པ་དང་། བཀྲ་རྒྱལ། བཀྲ་ཤིས་ལྷ་མོ། ཚེ་རིང་ནོར་བུ། གདུགས་དཀར་ཚེ་རིང་། བློ་བཟང་སོགས་ཀྱི་སྐོར་བརྗོད་པ་ཐོས་སྐབས་ཁོང་གིས་ཁོ་ཚོར་རང་ཉིད་ཀྱི་ཕྲུ་གུ་ལྟར་བརྩེ་སེམས་ཟབ་མོ་འཆང་གི་འདུག ཕྲུ་གུ་དེ་ཚོས་རྐྱེན་པས་ཁོང་ཡུལ་ཤུལ་ནས་ཁ་བྲལ་འདོད་བྱེད་ཀྱི་མེད། སློབ་སྐྱོར་བ་དཀྱུས་མ་ཞིག་ནས་ཡུན་རིང་ལེགས་སྐྱེས་འབུལ་མཁན་ཞིག་ཏུ་གྱུར་པ་དང་ཁོང་གི་སྣེ་ཁྲིད་འོག་ཕྲུ་གུ་ཚོར་བྱ་དགའ་གྲངས་ལས་འདས་པ་ཐོབ་ཡོད། ཉེ་ཆར་དཔེ་སྐྲུན་ཁང་གིས་ཁོང་ཚོའི་སྤུས་ལེགས་ཀྱི་རི་མོའི་དེབ《ངའི་ཕ་ཡུལ་ཡུལ་ཤུལ》ཞེས་པ་དེ་བཏོན་པ་དང་སྒྱུ་རྩལ་གྱི་ཤེས་ཡོན་དང་ཕ་ཡུལ་ལ་བཅངས་པའི་བརྩེ་བ་ཡོད་ཚད་དེབ་དེའི་ནང་ལེགས་པར་མངོན་ཡོད།
    ཡུལ་ཤུལ་འབའ་ཐང་གནམ་ཐང་བབས་ཚུགས་ཀྱི་མདུན་ངོས་སུ་ངས་མཐའ་བཞི་གངས་རིས་བསྐོར་བ་དང་ཁོར་ཡུག་གཙང་བའི་ཡུལ་ཤུལ་གྱི་རྣམ་པ་པར་བརྒྱབ་ནས་གྲོགས་ཚོགས་ནང་བསྐུར་ཏེ་ཡུལ་དེའི་ཉམས་དགའ་བའི་མཛེས་སྡུག་མྱོང་རོལ་བྱས་པ་ཡིན།

中央广播电视总台 央广网 版权所有

རི་མོའི་སྒྱུ་རྩལ་ལམ་ནས་སློབ་མ་བསྐྱངས། དགེ་སློབ་བརྩེ་བ་བྲལ་མེད་ཉ་ཆུ་འདྲ།

འདི་ག་ནི་འགྲུལ་པ་ཚོའི་པར་རྒྱག་ས་རེད། རླངས་འཁོར་འདི་ནས་བསྐྱོད་སྐབས་ངས་ཀྱང་པར་ཞིག་བརྒྱབ་པ་ཡིན། ནམ་མཁའ་གཡའ་དག་ལ་མཐའ་བཞི་གངས་རིས་བསྐོར་བ་དང་། བྱ་བྱིའུ་ཅི་དགར་འཕུར་ལྡིང་བྱེད་ཅིང་ཕྱོགས་གང་ས་ནས་ཉམས་དགའ་བའི་རྣམ་པ་ཞིག་མངོན། གྲང་རླུང་ལྡང་ནས་ཁ་འདར་ཤོར་རུང་སེམས་པ་དྲོ་སོབ་སོབ་ཏུ་གྱུར། རྒྱབ་