ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཟླ་དང་པོ་ནས་ལྔ་པའི་བར་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་འཕར་བ།

2020-06-28 15:48:00     责编:sangjzm
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཉེ་ཆར་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར། རང་རྒྱལ་གྱི་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས། མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་27999ཟིན་པ་དེ་དུས་མཚུངས་ལས་4.2%འཕར་བ་དང་། ཟླ་དང་པོ་ནས་བཞི་པའི་བར་དང་བསྡུར་ན་བརྒྱ་ཆའི་གྲངས་4.3གྱིས་མཐོ་བ་ཡོད་པ་རེད།
    ཁེ་སྤོགས་ཐོག་ནས་བལྟས་ན། ཟླ་དང་པོ་ནས་ལྔ་པའི་བར། མཉེན་ཆས་ལས་རིགས་ཀྱི་ཁེ་སྤོགས་ཆག་ཚད་རྒྱུན་མཐུད་དམའ་རུ་ཕྱིན་ནས། ལས་རིགས་ཡོངས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་3219ཟིན་པ་དེ་དུས་མཚུངས་ལས་1.1%ཆག་ཡོད་པ་རེད།
    ཁྱབ་ཁོངས་དབྱེ་ནས་བལྟས་ན། མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་འཕར་ཡོད་པ་སྟེ། ཟླ་དང་པོ་ནས་ལྔ་པའི་བར། མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་7546ཟིན་པ་དེ་དུས་མཚུངས་ལས་0.7%འཕར་བ་དང་། ཟླ་དང་པོ་ནས་བཞི་པའི་བར་དང་བསྡུར་ན་བརྒྱ་ཆའི་གྲངས་4.6གིས་མཐོ་བ་ཡོད་པ་རེད། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཡོང་འབབ་མུ་མཐུད་འཕར་བ་སྟེ། ཟླ་དང་པོ་ནས་ལྔ་པའི་བར། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཡོང་འབབ་སྒོར་དུང་ཕྱུར་16990ཟིན་པ་དེ་དུས་མཚུངས་ལས་7.3%འཕར་ཡོད་པ་རེད།

中央广播电视总台 央广网 版权所有

ཟླ་དང་པོ་ནས་ལྔ་པའི་བར་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་འཕར་བ།

གསར་འགོད་པར་ཉེ་ཆར་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར། རང་རྒྱལ་གྱི་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས། མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར