ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བོད་ཀྱིས་ཉེ་བའི་ལོ་ཤས་རིང་བྱེ་འགྱུར་ས་ཆ་སྤྱི་ཆིང་ཁྲི་12.4བཅོས་སྐྱོང་བྱས་པ།

2020-06-24 17:31:00     责编:sangjzm
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་བྱེ་འགོག་ནགས་གསོ་སོགས་ཀྱི་ཐབས་ལ་བརྟེན་ནས་བོད་ཀྱིས་2016ལོ་ནས་བཟུང་བྱེ་འགྱུར་ས་ཆ་སྤྱི་ཆིང་ཁྲི་12.4བཅོས་སྐྱོང་བྱས་པ་རེད། གཞན་ཡང་གནས་སྐབས་རིང་བཅོས་སྐྱོང་གི་ཆ་རྐྱེན་མི་འདང་བ་དང་། སྣོད་བཅུད་སྲུང་སྐྱོང་གི་དགོས་མཁོ་ཡོད་པ། སྒོ་དབྱེ་བེད་སྤྱོད་བྱ་རྒྱུར་འཚམ་པོ་མེད་པ་བཅས་ཀྱི་ཡུག་སྦྲེལ་བྱེ་འགྱུར་ས་ཆར་བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོང་ཁུལ་4བསྐྲུན་པ་དང་བཀག་སྡོམ་སྲུང་སྐྱོང་གཞི་ཁྱོན་སྤྱི་ཆིང་ཁྲི་45ཟིན་ཡོད་པ་རེད།
     བྱེ་འགྱུར་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་ཆེད། ཚན་རིག་དང་མཐུན་པའི་ངང་བྱེ་འགོག་བྱེ་བཅོས་འཆར་གཞི་བཟོས་ཤིང་། བོད་ཀྱིས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་། བྱེ་འགོག་བྱེ་བཅོས་ལས་གྲྭ་འཆར་འགོད་དང་འཛུགས་སྐྲུན་བྱ་རྒྱུ་དེ་སྣོད་བཅུད་སླར་གསོ་དང་བཅོས་སྐྱོང་བྱེད་པའི་ལས་གྲྭ་གཙོ་བོའི་གྲས་ཤིག་ལ་བརྩིས་ནས། 《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྩ་གནད》དང《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ནགས་ལས་འཕེལ་རྒྱས་འཆར་འགོད》ནང་བཅུག་པ་དང་། བྱེ་འགོག་བྱེ་བཅོས་ཀྱི་འཆར་འགོད་བཟོ་བ་དང་། ལས་ཕྱོད་ལྟ་ཞིབ་ཚད་ལེན་བྱེད་པ། ཞིབ་བཤེར་ལ་སྐུལ་འདེད་གཏོང་བ། དྲིལ་བསྒྲགས་སློབ་གསོ་སོགས་ཐད་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་བ་རེད། 2016ལོ་ནས་བཟུང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་བྱེ་འགོག་བྱེ་བཅོས་རྣམ་གྲངས་ལ་ཆེད་དོན་མ་དངུལ་སྒོར་ཁྲི་6450བཏང་བ་མ་ཟད། བྱེ་འགོག་བྱེ་བཅོས་ལས་དོན་གྱི་གྲོན་དངུལ་དེ་རིམ་པ་འདི་གའི་སྔོན་རྩིས་ནང་བཅུག་ནས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་400ཙམ་བཀོད་སྒྲིག་བྱས་ཡོད་པ་རེད།
 

中央广播电视总台 央广网 版权所有

བོད་ཀྱིས་ཉེ་བའི་ལོ་ཤས་རིང་བྱེ་འགྱུར་ས་ཆ་སྤྱི་ཆིང་ཁྲི་12.4བཅོས་སྐྱོང་བྱས་པ།

ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་བྱེ་འགོག་ནགས་གསོ་སོགས་ཀྱི་ཐབས་ལ་བརྟེན་ནས་བོད་ཀྱིས་2016ལོ་ནས་བཟུང་བྱེ་འགྱུར་ས་ཆ་སྤྱི་ཆིང་ཁྲི་12.4བཅོས་སྐྱོང་བྱས་པ་རེད། གཞན་ཡང་གནས་སྐབས་རིང་བཅོས་སྐྱོང་གི་ཆ་