ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྔ་བ་ཁུལ་གྱིས་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བའི་གནད་དོན་5དམར་འདོན་བྱས་པ།

2020-06-24 17:24:00     责编:sangjzm
     མི་དམངས་དྲ་བའི་འཕྲིན། རྔ་བ་ཁུལ་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་བའི་གནས་ཚུལ་ལ་གཞིགས་ན། ཟླ་6ཚེས་23ཉིན་རྔ་བ་ཁུལ་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་5དམར་འདོན་བྱས་པ་རེད། 
     1. འཛམ་ཐང་རྫོང་ཚན་རིག་ལག་རྩལ་དང་ཞིང་ཕྱུགས་ཅུས་ཀྱི་ཅུས་ཀྲང་ཙེང་ཡུས་ཅུན་གྱིས་སྒྲིག་འགལ་ངང་མི་གཞན་གྱི་ལེགས་སྐྱེས་བླངས་པའི་གནད་དོན། 2015ལོའི་ཟླ་6པ་དང་2016ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ཙེང་ཡུས་ཅུན་གྱིས་གསོ་སྦྱོང་སློབ་གྲྭ་ག་གེ་མོའི་འགན་འཁུར་པའི་ལེགས་སྐྱེས་སྒོར་ཁྲི་2དང་ཐ་མག་གོང་ཆེན་སྒམ་4བླངས། 2019ལོའི་ཟླ་12པར་ཙེང་ཡུས་ཅུན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་། སྒྲིག་འགལ་གྱི་ཐོབ་ཆ་ཚང་མ་རྩིས་ལེན་བྱས་ཡོད།  
     2. ཟུང་ཆུ་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱི་ཏང་ཙུའི་ཁོངས་མི། ཅུས་ཀྲང་གཞོན་པ་ཚེ་རིང་ཡག་གིས་སྒྲིག་འགལ་ངང་སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་བྱས་པའི་གནད་དོན། 2020ལོའི་ཟླ་1ཚེས་14ཉིན། ཚེ་རིང་ཡག་གིས་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས་ཀུང་སི་ག་གེ་མོར་སྲིད་འཛིན་ཆད་གཅོད་ཀྱི་གསལ་བཤད་འོས་འགན་ལག་བསྟར་བྱས་མེད་པ་དང་། ཕ་རོལ་པོའི་བསམ་འཆར་གང་ལེགས་ཉན་མེད་པ་གསལ་བོར་ཤེས་བཞིན་དུ། ཐད་ཀར་ལས་བྱེད་མི་སྣ་བཀོད་སྒྲིག་བྱས་ནས་དེར་སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་བྱས་པར་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཡོད་པས་ཤུགས་རྐྱེན་ངན་པ་བཟོས་ཡོད། 2020ལོའི་ཟླ་3ཚེས་6ཉིན། སྲིད་འཛིན་ཆད་གཅོད་ཀྱི་གོ་རིམ་ལས་འགལ་བའི་དབང་གིས་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས་གོང་གསལ་གྱི་ཆད་གཅོད་གཏན་འབེབས་མེད་པ་བཟོས་པ་རེད། 2020ལོའི་ཟླ་3པར་ཚེ་རིང་ཡག་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད། 
     3. བཙན་ལྷ་རྫོང་ལས་ཞུགས་ཞབས་ཞུ་དོ་དམ་ཅུས་ཀྱི་དེ་སྔའི་ལས་ཞུགས་སྦྱོང་བརྡར་ཀུའུ་ཡི་ཀུའུ་ཀྲང་ལི་ཧྥུའུ་ཧྭ་ཡིས་སྒྲིག་འགལ་ངང་ཞབས་ཞུ་བྱ་ཡུལ་གྱི་ལག་རྟགས་བླངས་པ་དང་། ཞབས་ཞུ་བྱ་ཡུལ་གྱིས་ཁོའི་བུ་མོར་དབྱར་སྒར་བྱེད་སྒོ་བཀོད་སྒྲིག་བྱས་པ་དང་ལེན་བྱས་པའི་གནད་དོན། 2018ལོའི་ཟླ་4པ་ནས་2019ལོའི་ཟླ་6པའི་བར། ལི་ཧྥུའུ་ཧྭ་ཡིས་ཞབས་ཞུ་བྱ་ཡུལ་གྱིས་ཕུལ་བའི་རིན་ཐང་སྒོར་3300ཟིན་པའི་ལག་རྟགས་བླངས་པ་རེད། 2019ལོའི་དབྱར་ཁའི་གུང་གསེང་རིང་། ལི་ཧྥུའུ་ཧྭ་ཡིས་ཞབས་ཞུ་བྱ་ཡུལ་གྱིས་ཁོའི་བུ་མོར་བཀོད་སྒྲིག་བྱས་པའི་འགྲོ་སོང་སྒོར་2000ཡིན་པའི་དབྱར་སྒར་བྱེད་སྒོ་དང་ལེན་བྱས་པ་རེད། ལི་ཧྥུའུ་ཧྭ་ལ་ད་དུང་ཁྲིམས་འགལ་གྱི་བྱ་སྤྱོད་གཞན་དག་ཡོད་པས། 2020ལོའི་ཟླ་5པར་ལི་ཧྥུའུ་ཧྭ་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་རེད། སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་ཚང་མ་རྩིས་ལེན་བྱས་ཡོད།  
     4.ཆུ་ཆེན་རྫོང་སྤྱི་བདེ་ཅུས་ཀྱེ་མོ་མངགས་གཏོང་ཁང་གི་རིམ་པ་བཞི་པའི་ཉེན་རྟོག་དཔོན་ཝང་ཅན་ཝུན་གྱིས་སྒྲིག་འགལ་ངང་གཞུང་འཁོར་སྤྱད་པའི་གནད་དོན། 2020ལོའི་ཟླ་1ཚེས་18ཉིན། ཝང་ཅན་ཝུན་གྱིས་སྒྲིག་འགལ་ངང་ཉེན་རྟོག་པའི་རླངས་འཁོར་བཏང་ནས་གཞན་གྱི་སྐྱེས་སྐར་གསོལ་སྟོན་ལ་ཞུགས་པས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད། 2020ལོའི་ཟླ་4པར་ཝང་ཅན་ཝུན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད། 
     5. རྔ་བ་ཁུལ་རང་བྱུང་ཐོན་ཁུངས་ཅུས་ཀྱི་ཁ་ལོ་བ་ཁྲེན་རུང་པིན་གྱིས་སྒྲིག་འགལ་ངང་གཞུང་དོན་འགྲོ་གྲོན་རྩིས་ཞུ་བྱས་པའི་གནད་དོན། 2014ལོའི་ཟླ་4པར་ཁྲེན་རུང་པིན་གྱིས་སྤ་སེ་རྫུས་མ་སྤྲོད་པའི་བྱེད་ཐབས་ལ་བརྟེན་ནས་ཉིན་27གྱི་གཞུང་དོན་ལམ་གླ་སྒོར་5805རྩིས་ཞུ་བྱས་པ་རེད། 2020ལོའི་ཟླ་4པར་ཁྲེན་རུང་པིན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད། སྒྲིག་འགལ་གྱི་ཐོབ་ཆ་ཚང་མ་རྩིས་ལེན་བྱས་ཡོད།
 

中央广播电视总台 央广网 版权所有

རྔ་བ་ཁུལ་གྱིས་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བའི་གནད་དོན་5དམར་འདོན་བྱས་པ།

རྔ་བ་ཁུལ་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་བའི་གནས་ཚུལ་ལ་གཞིགས་ན། ཟླ་6ཚེས་23ཉིན་རྔ་བ་ཁུལ་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་5དམར་འདོན་བྱས་པ་རེད།