ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ས་མཐོའི་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་བོད་ཁུལ་གྱི་དབུལ་ཕོངས་མི་འབོར་རྣམས་དབུལ་སྒྲོལ་ཕྱུག་འགྱུར་ལམ་དུ་ཁྲིད་པ།

2020-06-24 15:34:00     责编:sangjzm
ཀྲུང་དབྱང་རླུང་འཕྲིན་ལས་ཁུངས། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་ཡུན་ནན་གྱི་ནུབ་བྱང་དུ་ཆགས་པའི་འཕྲེད་བཅད་རི་བོའི་ཁུལ་དུ་གནས་ཡོད་པ་དང་།  དེ་གའི་ཆ་སྙོམས་ཀྱི་མཚོ་འཕགས་སྨི་3280ཙམ་ཟིན་ཞིང་། དབུལ་ཕོངས་མི་འབོར་མང་བའི་ཁར་དབུལ་ཕོངས་ཚབས་ཆེན་པོ་ཡོད།  ཉེ་བའི་ལོའི་རིང་།  བདེ་ཆེན་གྱིས་ཀྲུང་ལུགས་སྨན་རྫས་རྒྱུ་ཆ་དང་། དཔལ་འབྱོར་ལོ་ཏོག་སོགས་ས་མཐོའི་ཁྱད་ལྡན་ཐོན་ལས་གོང་འཕེལ་བཏང་བ་བརྒྱུད་དེ་ཐོན་ལས་གྲོང་སྐྱོད་དང་།  ཟུར་སྐྱོར་ཁྱིམ་འབྱོར་རྒྱུན་འཁྱོངས་ཀྱིས་བོད་ཁུལ་གྱི་དབུལ་ཕོངས་མི་འབོར་དེ་བས་མང་བ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་ཏུ་ཁྲིད་ཡོད་པ་རེད།
བདེ་ཆེན་ཁུལ་གྱི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟོང་མཆོང་གྲོག་རོང་གྲོང་རྡལ་དར་དམར་གྲོང་ཚོའི་ཞིང་ཐང་འགྲམ་དུ།  གྲོང་སྡོད་ལས་དོན་རུ་མིས་མང་ཚོགས་ལ་ལྗང་གསོ་དང་།  འདེབས་གསོ་ཇི་ལྟར་བྱེད་མིན་ཐད་མཛུབ་ཁྲིད་བྱེད་བཞིན་ཡོད།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་དར་དམར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན། ཧྲུའུ་ཅི་དང་པོ་ཡང་ཧུང་ཀྲུང་གིས། དེ་སྔ་ཐོན་ལས་རེ་གཉིས་ཡོད་པ་དེའང་ཁ་ཐོར་ནས་ཡོད་པ་དང་།  མང་ཚོགས་ཀྱང་རང་ཁ་རང་གསོ་ཐུབ་ཙམ་ཡོད།  ད་ཆ་ཐོན་ལས་ཚང་མ་མཉམ་ལས་ཁང་གིས་གཅིག་གྱུར་ཐོག་འདེབས་འཛུགས་བྱེད་བཞིན་ཡོད་པ་དང་།  མཉམ་ལས་ཁང་ལའང་ན་ནིང་ཡོང་འབབ་ཡག་པོ་བྱུང་ཞིང་།  མི་ཁག་ཅིག་ལ་ཏུན་ཁྲི་བཞི་ལྔའི་ཐོན་འབབ་བྱུང་ཡོད་ཅེས་གསུངས་ཡོད།
སྲོལ་རྒྱུན་གྱི་འདེབས་འཛུགས་བྱ་ཐབས་འོག་སྟག་མཆོང་གྲོང་རོག་གྲོང་རྡལ་གྱི་དར་དམར་གྲོང་ཚོའི་སྨན་རྫས་རྒྱུ་ཆའི་འདེབས་འཛུགས་གཞི་ཁྱོན་ཆུང་ཞིང་།  ཁ་ཐོར་ཆེ་བས་མ་ཚད་ཐོན་འབོར་ཀྱང་དམའ་པོ་ཡོད།  དབུལ་སྐྱོར་ལས་དོན་སྤེལ་ཚུན།  མཉམ་ལས་ཁང་ཁག་གིས་ཚད་ལྡན་ཅན་གྱི་ཀྲུང་ལུགས་སྨན་རྫས་རྒྱུ་ཆ་འདེབས་འཛུགས་བྱེད་སྟངས་ལག་བསྟར་བྱ་རྒྱུར་སྣེ་ཁྲིད་བྱས་པ་དང་། རིན་མེད་ངང་མང་ཚོགས་ལ་སོན་བཟང་དང་། མྱུག་སོན། ཞིང་སྨན་སོགས་སྦྱིན་པ་དང་།  ལག་རྩལ་མི་སྣས་ཡུལ་དངོས་སུ་འདེབས་འཛུགས་ཇི་ལྟར་བྱེད་མིན་ཐད་མཛུབ་ཁྲིད་བྱས་ཡོད། དུས་མཚུངས། རིན་སྲུང་ཉོ་སྒྲུབ་གན་རྒྱ་བཞག་ནས་ཉེ་འཁོར་མང་ཚགས་ཀྱི་ཞོར་ལས་གསོག་པའི་གནད་དོན་ཐག་གཅོད་བྱས་ཡོད་ལ། དཔལ་འབྱོང་གྱི་ཡོང་སྒོ་ངེས་ཅན་འབབ་རྒྱུར་ཡང་འགན་སྲུང་བྱས་ཡོད།  དར་དམར་གྲོང་ཚོའི་ལི་སུའུ་ཚོ་ཆུང་གི་ཀྲི་པུའུ་ཧྲུའུ་ཅི་ཀྲའོ་ཀྲེ་ཧྲེང་གིས།  ད་ཆ་གྲོང་ཚོ་དེར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།  སྤྱི་ལོ་2020ལོར་སླེབས་དུས།  གྲོང་ཚོ་དེ་གའི་མང་ཚོགས་རྣམས་མི་རྟ་གཉིས་ལ་བརྟེན་པའི་འཚོ་བ་དབུལ་པོ་མཇུག་སྒྲིལ་ནས་སོ་ཕག་གི་ཁང་པའི་ནང་སྡོད་རྒྱུ་བྱུང་ཡོད་ཅེས་གསུངས་ཡོད།
དར་དམར་གྲོང་ཚོ་ནི་བདེ་ཆེན་གྱི་ཐོན་ལས་དབུལ་སྐྱོར་གྱི་བསྡུས་རིས་ཙམ་ཞིག་རེད།  ཉེ་བའི་ལོའི་རིང་།  བདེ་ཆེན་གྱིས་ཕྱུག་ཟོག་དང་ཁྱིམ་བྱ།  ཀྲུང་ལུགས་སྨན་རྫས་རྒྱུ་ཆ།  ཟས་སྤྱོད་ཤ་མོ།  སྣུམ་ཤིང་།  རྒུན་འབྲུམ།  ནས།  སྔོ་ཚལ་སོགས་གཙོ་གནད་ཀྱི་ཁྱད་ལྡན་ཞིང་ལས་ཐོན་ལས་བདུན་གོང་འཕེལ་ཤུགས་ཆེན་བཏང་བས།  ས་མཐོའི་ཞིང་འབྲོག་མང་ཚོགས་ལ་ཐོན་ལས་ལས་ཞུགས་ཡོང་འབབ་མང་དུ་སོང་ཡོད།  སྤྱི་ལོ་2019ལོའི་བར།  བདེ་ཆེན་ཁུལ་གྱིས་དབུལ་ཕོངས་དུད་ཁྱིམ་2712དང་མི་འབོར་9196དབུལ་གྲོལ་ཐུབ་པ་དང་།  དབུལ་ཕོངས་གྲོང་ཚོ་40དབུལ་པོའི་ཁྱབ་ཁོངས་ལས་ཕུད་པ།  དབུལ་ཕོངས་མི་འབོར་1579བར་ཉུང་དུ་བཏང་བ།  དབུལ་ཕོངས་ཐོན་ཚད་བརྒྱ་ཆ་0.53བར་ཆག་པ་བཅས་བྱས་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར།   བྱམས་པ་ཚེ་རིང་།

中央广播电视总台 央广网 版权所有

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ས་མཐོའི་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་བོད་ཁུལ་གྱི་དབུལ་ཕོངས་མི་འབོར་རྣམས་དབུལ་སྒྲོལ་ཕྱུག་འགྱུར་ལམ་དུ་ཁྲིད་པ།

བདེ་ཆེན་ཁུལ་གྱི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟོང་མཆོང་གྲོག་རོང་གྲོང་རྡལ་དར་དམར་གྲོང་ཚོའི་ཞིང་ཐང་འགྲམ་དུ། གྲོང་སྡོད་ལས་དོན་རུ་མིས་མང་ཚོགས་ལ་ལྗང་གསོ་དང་། འདེབས་གསོ་ཇི་ལྟར་བྱེད་མིན་ཐད་མཛུབ་ཁྲིད་བྱེད་བཞིན་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་དར་དམར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན།