ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་དེ་གློག་སྐུད་ ཁྲིད་པའི་དུས་མཚམས་སུ་སླེབས་པ།

2020-06-23 16:24:00     责编:sangjzm
     སྔོན་དཔག་བྱས་ན། ལྷ་ཉིང་ལྕགས་ལམ་2021ལོར་སྐྲུན་མཇུག་འགྲིལ་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད།
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་སྔ་དྲོ། ལྷ་ཉིང་ལྕགས་ལམ་གྱི་འབྲེལ་མཐུད་དྲ་བའི་གློག་སྐུད་ཐོག་མ་དེ་ལྷོ་ཁ་གྲོང་ཁྱེར་གྲ་ནང་ནས་གྲ་ཕྱིའི་བར་གྲུབ་འབྲས་ཐོབ་པའི་ངང་ཁྲིད་པ་དེ་ནས་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་ལྷ་ཉིང་ལྕགས་ལམ་དངོས་སུ་དྲ་འབྲེལ་གྱི་འདྲེན་སྐུད་ཁྲིད་པའི་དུས་མཚམས་སུ་སླེབས་པ་མཚོན་ཡོད།
     ལྷ་ཉིང་ལྕགས་ལམ་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ་435དང་ཇུས་བཀོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཡིན་པ་དེ་ནི་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་དེ་རེད། ཁྲོན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ལྷ་ཉིང་ལྕགས་ལམ་སྔོན་དཔག་བྱས་ན་2021ལོར་སྐྲུན་མཇུག་འགྲིལ་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད།
 

中央广播电视总台 央广网 版权所有

བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་དེ་གློག་སྐུད་ ཁྲིད་པའི་དུས་མཚམས་སུ་སླེབས་པ།

ཚེས་20ཉིན་གྱི་སྔ་དྲོ། ལྷ་ཉིང་ལྕགས་ལམ་གྱི་འབྲེལ་མཐུད་དྲ་བའི་གློག་སྐུད་ཐོག་མ་དེ་ལྷོ་ཁ་གྲོང་ཁྱེར་གྲ་ནང་ནས་གྲ་ཕྱིའི་བར་གྲུབ་འབྲས་ཐོབ་པའི་ངང་ཁྲིད་པ་དེ་ནས་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་ལྷ་ཉིང་ལྕགས་ལམ་དངོས་སུ་དྲ་འབྲེལ་གྱི་འདྲེན་སྐུད་ཁྲིད་པའི་དུས་མཚམས་སུ་སླེབས་པ་མཚོན་ཡོད།