ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བོད་ཀྱི་དཔྱིད་དུས་ཀྱི་གནམ་གཤིས་དྲོད་ཚད་ཆ་སྙོམས་ལོ་10རེར་ཧྲེ་ཧྲི་ཏུའུ་0.28མཐོ་རུ་ཕྱིན་པ།

2020-06-23 16:23:00     责编:sangjzm
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱིས་ཡོངས་བསྒྲགས་བྱས་པའི《2020ལོའི་བོད་ཀྱི་དཔྱིད་དུས་ཀྱི་གནམ་གཤིས་སྤྱི་བསྒྲགས》ལས་མངོན་གསལ། 1981ལོ་ནས་2020ལོ་བར་གྱི་ལོ་40ཡི་རིང་། བོད་ཀྱི་དཔྱིད་དུས(ཟླ་3པ་ནས་5པ་བར)ཀྱི་གནམ་གཤིས་དྲོད་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ནས་ཆ་སྙོམས་ལོ་10རེར་ཧྲེ་ཧྲི་ཏུའུ་0.28མཐོ་རུ་ཕྱིན་པ་དང་། ཆར་པ་འབབ་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ནས་ཆ་སྙོམས་ལོ་10རེར་ཧའོ་སྨི་5.2མཐོ་རུ་ཕྱིན་པ། ཉི་འོད་ཕོག་ཡུན་ཐུང་དུ་མངོན་གསལ་དོད་པོ་ཕྱིན་ནས་ཆ་སྙོམས་ལོ་10རེར་ཆུ་ཚོད་6.8ཐུང་དུ་ཕྱིན་ཡོད་པ་རེད།
     ད་དུང་སྤྱི་བསྒྲགས་ལས་མངོན་གསལ། འདི་ལོའི་དཔྱིད་དུས་བོད་ཀྱི་ཆ་སྙོམས་གནམ་གཤིས་དྲོད་ཚད་ཧྲེ་ཧྲི་ཏུའུ་4.2ཟིན་ནས་རྒྱུན་གཏན་ལོ་ལས་ཧྲེ་ཧྲི་ཏུའུ་0.5་མཐོ་རུ་ཕྱིན་པ་དང་། དེ་ནི་ཉེ་བའི་ལོ་19ཡི་རིང་དཔྱིད་དུས་ཀྱི་ཆ་སྙོམས་གནམ་གཤིས་དྲོད་ཚད་དམའ་ཤོས་ཀྱི་ལོ་ཡིན་པ་དང་། ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི་100.7ཟིན་ནས་རྒྱུན་གཏན་ལོ་ལས་ཧའོ་སྨི་26.7མང་དུ་ཕྱིན་པ་དང་། དེ་ནི་ཉེ་བའི་ལོ་10རིང་གི་ཆ་སྙོམས་ཆར་པ་འབབ་ཚད་མང་ཤོས་ཀྱི་ལོ་ཞིག་ཡིན་པ་རེད། 
 

中央广播电视总台 央广网 版权所有

བོད་ཀྱི་དཔྱིད་དུས་ཀྱི་གནམ་གཤིས་དྲོད་ཚད་ཆ་སྙོམས་ལོ་10རེར་ཧྲེ་ཧྲི་ཏུའུ་0.28མཐོ་རུ་ཕྱིན་པ།

ཉེ་ཆར། བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱིས་ཡོངས་བསྒྲགས་བྱས་པའི《2020ལོའི་བོད་ཀྱི་དཔྱིད་དུས་ཀྱི་གནམ་གཤིས་སྤྱི་བསྒྲགས》ལས་མངོན་གསལ། 1981ལོ་ནས་2020ལོ་བར་གྱི་ལོ་40ཡི་རིང་། བོད་ཀྱི་དཔྱིད་དུས(ཟླ་3པ་ནས་5པ་བར)ཀྱི་གནམ་གཤིས་དྲོད་ཚད་མཐོ་རུ་མ