ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཟླ་དང་པོ་ནས་དགུ་པ་བར་རང་ལྗོངས་ཀྱིས་བོད་གློག་ཕྱིར་གཏོང་ཆན་ཝ་ཆུ་ཚོད་དུང་ཕྱུར་14ལྷག་ཙམ་ལེགས་སྒྲུབ་བྱས་པ།

2019-10-08 17:47:00     责编:卓玛才让

ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། བོད་དུ་ཟླ་གསུམ་གྱི་སྔ་སྣུར་དུ་ལོ་འཁོར་གྱི་བོད་གློག་ཕྱིར་གཏོང་ཆན་ཝ་ཆུ་ཚོད་དུང་ཕྱུར་14ལེགས་གྲུབ་ཟིན་པའི་དམིགས་ཚད་ལས་འགན་ལེགས་གྲུབ་ཟིན་པ་དང་2015ལོར་གློག་ཤུགས་ཕྱིར་གཏོང་ཐོག་མར་མངོན་འགྱུར་བྱུང་བ་ནས་བཟུང་བོད་ཀྱི་གློག་དྲས་རིམ་རྩིས་བརྒྱབ་ན་བོད་གློག་ཕྱིར་གཏོང་ཆན་ཝ་ཆུ་ཚོད་དུང་ཕྱུར་44.45ལེགས་སྒྲུབ་བྱས་པ་དེ་སྔ་ལོ་དང་བསྡུར་ཚེ་འདི་ལོ་ནི་བོད་གློག་ཕྱིར་གཏོང་ཁྱབ་རྒྱ་ཆེ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ལོ་ཞིག་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་དགུ་པ་བར་ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་གློག་ཕྱིར་གཏོང་བྱེད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་14.01ཟིན་པ་དེ་ན་ནིང་གི་ལོ་འཁོར་མོའི་གློག་ཕྱིར་གཏོང་བྱེད་ཚད་ཀྱི་ལྡབ་1.63ཟིན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་ཀྱིགསར་འགྱུར་དྲ་བ།

中央广播电视总台 央广网 版权所有