ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྔ་བ་ཁུལ་གྱིས་ཁུལ་ཡོངས་ཀྱི་རིག་གནས་ལྗོངས་སྐོར་དང་ཁོངས་ཡོངས་ལྗོངས་སྐོར་གྱི་འཕེལ་རྒྱས་ཚོགས་ཆེན་འཚོགས་པ།

2019-10-08 17:45:00     责编:卓玛才让

རྔ་བའི་གསར་འགྱུར་དྲ་བའི་འཕྲིན།ཟླ་9ཚེས་23ཉིན། 2019ལོའི་རྔ་བ་ཁུལ་གྱི་རིག་གནས་ལྗོངས་སྐོར་དང་ཁོངས་ཡོངས་ལྗོངས་སྐོར་གྱི་འཕེལ་རྒྱས་ཚོགས་ཆེན་ཟུང་ཆུ་རྫོང་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ཚོགས་ཆེན་དུ་ཕེབས་ནས་གསུང་བཤད་གནང་། ཁོང་གིས་གསུང་དོན། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཞིང་ཨུའི་རིག་གནས་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེན་དང་ལྗོངས་སྐོར་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེན་གཏོང་བའི་འཐབ་ཇུས་གཏིང་ཟབ་སྒོས་ལག་ལེན་དུ་བསྟར་བ་དང་། ལྗོངས་ཁུལ་གཅིག་བསྐྲུན་པ་དང་མཉམ་འདྲེས་བདུན་མངོན་འགྱུར། རྟགས་ཅན་ཆེན་པོ་དགུ་ལེགས་སྐྲུན་སོགས་བྱས་པ་བརྒྱུད། རྔ་བ་ཁུལ་གྱི་ཁོངས་ཡོངས་ལྗོངས་སྐོར་གྱི་རིམ་པ་མཐོར་གཏོང་ལ་སྐུལ་འདེད་བཏང་ནས། དོམ་ཁྲའི་ཁྱིམ་གཞིས་དང་དག་ཞིང་རྔ་བ་ཁུལ་ཞེས་པ་དེ་རྒྱལ་ཁབ་ཕྱི་ནང་དང་འཛམ་གླིང་ཡོངས་སུ་མིང་གྲགས་ཆེ་རུ་འཇུག་པ་དང་། སྔ་སེ་ནས་རྒྱལ་ཁབ་ཀྱི་ཁོངས་ཡོངས་ལྗོངས་སྐོར་གྱི་དཔེ་སྟོན་ཁུལ་བསྐྲུན་དགོས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་ཚོགས་ཆེན་གྱི་གཙོ་འགན་བཞེས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཝེ་གོ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ལི་ཡན་རྣམས་ཚོགས་ཆེན་དུ་ཕེབས།

ཚོགས་ཆེན་དུ་ཁུལ་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་དབྱང་ཞིང་གིས་རང་ཁུལ་གྱི་《ཁོངས་ཡོངས་ལྗོངས་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་གྲོས་གཞི》གསལ་བཤད་བྱས། ལིའུ་ཕིང་དང་དབྱང་ཁེ་ཉིང་། ཉི་མ་འབུམ། ལི་ཝེ་གོ། ཝུའུ་ལི་ཡན་སོགས་ཁུལ་གྱི་འགོ་ཁྲིད་རྣམས་ཀྱིས་རྔ་བ་ཁུལ་གྱི་དོམ་ཁྲ་ཞེས་པའི་གསེར་གྱི་བྱ་དགའ་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་སྒེར་མི་རྣམས་ལ་བྱ་དགའ་གནང་།།

ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།

中央广播电视总台 央广网 版权所有