ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བོད་ལྗོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་གནའ་དཔེ་ཡོངས་ཁྱབ་ཞིབ་བཤེར་ལས་གཞིར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།

2019-10-08 17:02:00     责编:卓玛才让

ཤིན་ཧྭ་གསར་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། བོད་ལྗོངས་ཀྱི་གཞི་ཁྱོནཆེ་ཤོས་ཀྱི་གནས་དཔེ་ཡོངས་ཁྱབ་ཞིབ་བཤེར་ལས་གཞི་དེ་ཉེ་ཆར་མཇུག་བསྡུ་བའི་དུས་རིམ་ལ་སླེབས་ཡོད་ཅིང་། ཡོངས་ཁྱབ་ཞིབ་བཤེར་ལས་གཞིར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། གྲངས་གཞི་ལས་མངོན་པར། བོད་ལྗོངས་ཀྱིས་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱས་པའི་གནས་བོའི་དཔེ་རྙིང་གྲངས་འབོར་18000ལྷག་ཙམ་ཟིན་པ་དང་། དེའི་ནང་དཔེ་རྙིང་གྲངས་291རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེའི་མིང་མཛོད་ནང་བཅུག་ཡོད། གངས་ལྗོངས་ཀྱི་རྩ་ཆེའི་དཔེ་དེབ་ཅེས་པ་སོགས་བོད་ཡིག་གི་གནའ་དཔེ་ཡོངས་ཁྱང་ཞིབ་བཤེར་སྲུང་སྐྱོང་གི་གྲུབ་འབྲས་མུ་འབྲེལ་དཔེ་ཚོགས་བཅུ་ལྷག་ཙམ་དཔེ་སྐྲུན་བྱས་ཡོད།

སྤྱི་ལོ་༢༠༠༩ལོར། ཀྲུང་ཧྭའི་གནའ་དཔེ་སྲུང་སྐྱོང་འཆར་གཞི་ཞེས་པར་བརྟེན་ནས་བོད་ལྗོངས་ཀྱིས་དུས་ཡུན་ལོ་བཅུ་ལྷག་ཙམ་དང་། ད་བར་གཞི་ཁྱོན་ཆེ་ཤོས་ཡིན་པའི་གནས་དཔེ་ཡོངས་ཁྱབ་ཞིབ་བཤེར་ལས་གཞི་དངོས་སུ་འགོ་བརྩམས་ཡོད། ལོ་བཅུ་སོང་རིང་། གནའ་དཔེ་གཅིག་ཀྱང་མི་ལུས་པ་བྱེད་པའི་རྩ་དོན་ལྟར། ཡོངས་ཁྱབ་ཞིབ་བཤེར་མི་སྣས་ཧ་ལམ་བོད་ལྗོངས་ཀྱི་ས་གནས་དང་གྲོང་ཁྱེར་བདུན་ཚང་མར་བསྐྱོད་ནས། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་ལས་ཀ་ལེགས་སྒྲུབ་བྱས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན། ལོ་བཅུའི་རིང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནས་མ་དངུལ་སྒོར་བྱེ་བ་གཅིག་ལྷག་ཙམ་བཏང་ནས་བོད་ལྗོངས་ཀྱི་གནའ་དཔེ་ཡོངས་ཁྱབ་ཞིབ་བཤེར་སྲུང་སྐྱོང་ལས་ཀར་རྒྱབ་སྐྱོར་བྱས་ཡོད། མིག་སྔའི་བར་སླེབས་དུས། བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་འཇིག་ཉེར་ཡོད་པའི་གནའ་དཔེ་ཤོག་གྲངས་3000ཙམ་ཉམས་གསོ་བྱས་པ་དང་། གཞི་རིམ་གྱི་གནའ་དཔེ་བསྡུ་ཉར་སྡེ་ཚན་14ཡི་ཆ་རྐྱེན་ལེགས་སུ་བཏང་བ། གནས་དཔེ་སྲུང་སྐྱོང་སྡེ་ཚན་གཉིས་གསར་འཛུགས་བྱེད་པ་བཅས་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有