ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་དབྱང་དྲིལ་བསྒྲགས་པུས་ཁྲེན་ཅུན་ཝུ་ལ་དུས་རབས་ཀྱི་དཔེ་བཟང་ཞེས་པའི་མཚན་སྙན་སྤྲད་པ།

2019-10-08 09:49:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུས་སྤྱི་ཚེས་7ཉིན་ཁྲེན་ཅུན་ཝུ་ལ་དུས་རབས་ཀྱི་དཔེ་བཟང་ཞེས་པའི་མཚན་སྙན་སྤྲད་ཡོད། ཁྲེན་ཅུན་ཝུ་ནི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི། རང་རྒྱལ་གྱི་གྲགས་ཅན་རྡོ་སྣུམ་བཙོ་སྦྱང་ལས་གཞིའི་ལག་རྩལ་གྱི་རིགས་གཅིག་མཁས་པ། རྡོ་སོལ་རྫས་འགྱུར་བཟོ་ལས་ལག་རྩལ་གྱི་རིགས་གཅིག་མཁས་པ། འགྱུར་སྐུལ་བཙོ་འགྱུར་ལས་གཞིའི་ལག་རྩལ་གྱི་རྨང་གཞི་འདིང་མཁན་བཅས་ཡིན་པ་རེད། ཁོང་གིས་ཀྲུང་གོ་གསར་པའི་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཆེད་ལོ་ངོ་70འབད་འཐབ་གནང་བ་དང་། རང་རྒྱལ་གྱི་འགྱུར་སྐུལ་བཙོ་འགྱུར་ལག་རྩལ་མེད་པ་ནས་ཡོད་པའི་བར་དང་། ཉམས་ཞན་ནས་སྟོབས་ཆེའི་བར་གྱི་འགྱུར་ལྡོག་ལ་སྐུལ་འདེད་བཏང་ནས། རང་རྒྱལ་གྱི་རྡོ་སྣུམ་བཙོ་སྦྱང་བཟོ་ལས་ཡར་རྒྱས་ཆེད་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་འབུལ་གནང་ཡོད། ད་ཆ། དགུང་ལོ་བགྲེས་པོ་ཆགས་ཀྱང་། སྔར་བཞིན་ཚན་ཞིབ་ཀྱི་འཐབ་ས་མདུན་མར་འབད་འཐབ་གནང་བཞིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有