ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་ཆོས་ལུགས་མི་སྣས་“ང་དང་ངའི་མེས་རྒྱལ་”ཞེས་པའི་བཞུགས་མོལ་ཚོགས་འདུ་དང་བོད་ཡིག་ཡིག་གཟུགས་འགྲེམ་སྟོན་གྱི་བྱེད་སྒོ་ཁྲེན་ཏུའུ་རུ་སྤེལ།

2019-09-29 10:37:10     责编:nake

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།སྤྱི་ཟླ་9པའི་ཚེས་26ཉིན་གྱི་ཕྱི་དྲོར། ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ་དང་། དུས་རབས་གསར་པར་སི་ཁྲོན་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཏང་དང་བློ་སེམས་མཐུན་ཞིང་མེས་རྒྱལ་དང་མཉམ་དུ་སྐྱོད་པའི་ལྷད་མེད་བརྩེ་སེམས་མཚོན་ཆེད། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ལྷན་གྱིས་གཙོ་སྒྲུབ་བྱས་ཤིང་། སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་འགན་སྒྲུབ་བྱས་པའི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་70ལོན་པའི་དགའ་སྟོན་དུ་“ང་དང་ངའི་མེས་རྒྱལ་”ཞེས་པའི་བཞུགས་མོལ་ཚོགས་འདུ་དང་བོད་ཡིག་ཡིག་གཟུགས་འགྲེམ་སྟོན་གྱི་བྱེད་སྒོ་དེ་ཁྲེན་ཏུའུ་གྲོང་ཁྱེར་ཕིས་ཏུའུ་ཆུས་ནས་བདེ་བླག་ངང་སྤེལ།

  བཞུགས་མོལ་ཚོགས་འདུའི་ཐོག །ཚོགས་ཞུགས་འགོ་ཁྲིད་དང་སི་ཁྲོན་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་བླ་སྤྲུལ་མཁན་ཆེན་རྣམ་པས་རྫོགས་ལྡན་གྱི་བསྐལ་བ་བཟང་པོ་དང་མེས་རྒྱལ་ལ་བཀྲ་ཤིས་པའི་བསྟོད་བསྔགས་བྱས། སི་ཁྲོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་བོད་ཁུལ་ལས་དོན་གྱི་གཞུང་ལས་ཁང་གི་ཀྲུའུ་རེན་ཧྲེན་དབྱང་གིས་གསུང་བཤད་གནང་སྟེ། ཁོང་གིས་གསུང་རྒྱུར། ད་ནི་རྫོགས་ལྡན་དུས་ལ་ཁེལ། སྲིད་དར་མི་རྣམས་འཆམ། བོད་བརྒྱུད་ནང་བསྟན་ལ་ལོ་རྒྱུས་རང་བཞིན་གྱི་བསྐལ་བ་ཡག་པོ་ཞིག་ཏུ་སླེབས་ཡོད་ལ། ང་ཚོས་ལྷག་བསམ་རྣམ་དག་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་སྲུང་མཛད་དང་རང་འགུལ་གྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་ལམ་ཁར་འགྲོ་བ་ནི་བོད་བརྒྱུད་ནང་བསྟན་བདེ་ཐང་རྒྱུད་འཛིན་བྱེད་པའི་གདམ་ག་གཅིག་པུ་ཡིན། སི་ཁྲོན་བོད་བརྒྱུད་ནང་བསྟན་མེས་རྒྱལ་དང་ལས་དབང་གཅིག་པ་ཡིན་ལ། ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་བབ་བསྟུན་བྱེད་དགོས། སི་ཁྲོན་བོད་བརྒྱུད་ནང་བསྟན་ནི་ཀྲུང་གོ་གསར་པའི་ལོ་ངོ་བདུན་ཅུའི་མཚར་སྡུག་ལོ་རྒྱུས་ཀྱིས་དཔང་བོ་དང་དངོས་བརྒྱུད་མཁན་ཡིན་ལ། ངེས་པར་ཡིད་རྟོན་བཞི་བརྟན་སྲུང་ནན་མོ་གཏོང་དགོས་པ་དང་། ཀྲུང་གོ་གསར་པའི་ལོ་ངོ་བདུན་ཅུའི་རིང་བོད་ཁུལ་འབྱོར་ཕྱུག་འཕེལ་རྒྱས་སྒྲུབ་མཁན་དང་། ཕན་འཐོབ་མཁན་ཡིན་པས་ངེས་པར་དུ་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ལ་བརྟན་པོར་འཁུར་དགོས།

  སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གླིང་གཙོ། དཀར་མཛེས་རྫོང་དར་རྒྱས་དགོན་པའི་སྤྲུལ་སྐུ་རྒྱལ་བསྟན་བློ་བཟང་བྱམས་པ་དང་། དཀར་མཛེས་ཁུལ་གསེར་རྟ་ལྔ་རིག་སློབ་གླིང་གི་རྒྱུན་ལས་གླིང་གཙོ་གཞོན་པ་མཁན་ཚུལ་ཁྲིམས་བློ་གྲོས། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སྡེ་དགེ་རྫོང་ཚྭ་ཚྭ་དགོན་པའི་སྤྲུལ་སྐུ་དཔལ་རྒྱལ་སོགས་ཀྱིས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་དང་འཚམ་ཞིང་བདེ་ཐང་ངང་འཕེལ་རྒྱས་གཏོང་བ་སོགས་ཀྱི་བརྗོད་བྱའི་ཐད་ནས་གསུང་བཤད་གནང་། སི་ཁྲོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རིམ་པ་གཉིས་པའི་སྐོར་ཞིབ་པ་ལིའུ་ཀྲི་ཏུང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

  དེ་མིན་བོད་ཡིག་ཡིག་གཟུགས་འགྲེམ་སྟོན་ལ་བསྡོམས་པས་བརྩམས་ཆོས་140ཡོད་ཅིང་། དེ་དག་ལས་ཐེངས་འདིའི་དཔྱད་འདེམས་ཨུ་ཡོན་ཚོགས་པས་ཨང་དང་པོ1དང་། ཨང་གཉིས་པ3དང་། ཨང་གསུམ་པ5དང་། ཕུལ་བྱུང་བྱ་དགའ20བཅས་བདམས་ཐོན་བྱུང་། བརྩམས་ཆོས་ཀྱི་ནང་དོན་ལ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་དང་ཀྲུང་གོའི་ཕུགས་འདུན། “ཡིད་རྟོན་བཞི།” “མེས་རྒྱལ་ལ་བསྔགས་པ”སོགས“དུས་རབས་ཀྱི་གད་རྒྱངས” དང་། “སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །”དང་མ་ཎི་ཡི་གེ་དྲུག་མ་སོགས་ཆོས་ལུགས་ཀྱི་བསླབ་བྱ་དང་། ས་སྐྱ་ལེགས་བཤད་སོགས་ཀུན་སྤྱོད་འཇུག་ལྡོག་གི་ལེགས་བཤད་བཅས་ཡོད། བྲིས་པས་རང་གི་ལག་ལེན་དངོས་ལས་དུས་རབས་འཕེལ་རྒྱས་ཀྱི་མཚར་སྡུག་ལྡན་པའི་འབྲས་བུར་བསྟོད་གླུ་བླངས། འདི་ལས་རང་རེའི་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་སྡེ་ཁག་ཉིད་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་བ་དང་མེས་རྒྱལ་ལ་དགའ་བ། མི་དམངས་ལ་དགའ་བ། མི་རིགས་མཐུན་སྒྲིལ་ལ་དགའ་བ། ནང་བསྟན་ཆོས་ལུགས་ལ་དགའ་བའི་འགྱུར་མེད་ཀྱི་བརྩེ་བ་མཚོན་ལ། རྒྱལ་ཁབ་ལ་འགན་འཁུར་ཞིང་མི་དམངས་ལ་འགན་འཁུར་བ། ནང་བསྟན་ལ་འགན་འཁུར་བའི་རྣམ་པ་བཟང་པོ་མངོན་ཡོད། ལག་ལེན་དངོས་ལས་དུས་རབས་འཕེལ་རྒྱས་ཀྱི་རྨད་བྱུང་གྲུབ་འབྲས་ལ་བསྟོད་གླུ་བླངས་ཤིང་། རླབས་ཆེ་བའི་མེས་རྒྱལ་གྱི་བཀའ་དྲིན་དང་བརྩེ་སེམས་བསྟན་ཡོད།

  རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

中央广播电视总台 央广网 版权所有