འབར་མ་རྒྱལ་ཕྲན་མཉམ་འབྲེལ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་འདི་ཟླའི་ཚེས་26ཉིན་རྒྱལ་ཡོངས་ཀྱི་སྲིད་ཏང་གླེང་མོལ་གྲོས་ཚོགས་འཚོག་རྒྱུའི་ཁྱབ་བསྒྲགས་བྱས་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འབར་མ་རྒྱལ་ཕྲན་མཉམ་འབྲེལ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚེས་22ཉིན་འདི་ཟླའི་ཚེས་26ཉིན་ནེ་པི་ཏུར་རྒྱལ་ཡོངས་ཀྱི་སྲིད་ཏང་གླེང་མོལ་གྲོས་ཚོགས་འཚོག་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཡོངས་ཀྱི་ཆབ་སྲིད་ཏང་ཤོག་ཁག་གིས་གྲོས་ཚོགས་ལ་ཞུགས་རྒྱུར་ཐོ་འགོད་བྱ་རྒྱུའི་དགའ་བསུ་ཞུས་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།