ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་འཐུས་མིས་བྱེད་ཐབས་སྤྱད་ནས་རིགས་རྒྱུད་རིང་ལུགས་མེད་པར་བཟོ་དགོས་པའི་འབོད་སྐུལ་བྱས་པ།

2021-02-23 14:20:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་རིགས་རྒྱུད་རིང་ལུགས་དང་། ཕྱི་རྒྱལ་ལ་སྡང་པོ་བྱེད་པའི་བསམ་བློ། མཐོང་ཆུང་བྱེད་པ་བཅས་མེད་པར་བཟོ་བའི་དམིགས་བསལ་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱེད་ཐབས་སྤྱད་དེ་རྩ་ལག་མཉམ་བཅོས་ཀྱིས་རིགས་རྒྱུད་རིང་ལུགས་མེད་པར་བཟོ་དགོས་པའི་འབོད་སྐུལ་བྱས་པ་རེད།

ཀྲང་ཅུན་གྱིས། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རིགས་རྒྱུད་རིང་ལུགས་ལ་རྡུང་རྡེག་གཏོང་བའི་ཐད་ནུས་པ་ཧུར་ཐག་འདོན་པར་རྒྱབ་སྐྱོར་བྱ་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཟླ་9པར་རིམ་པ་མཐོ་བའི་དྲན་གསོའི་ཚོགས་འདུ་འཚོག་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད། ཁོང་གིས་རིགས་རྒྱུད་རིང་ལུགས་མེད་པར་བཟོ་བར་ངེས་པར་དུ་རྩ་ལག་མཉམ་བཅོས་བྱེད་དགོས་ཤིང་། གཅིག་ནས་2030ལོའི་རྒྱུན་སྲིང་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་མགྱོགས་མྱུར་དོན་འཁྱོལ་བྱས་ནས། དབུལ་པོ་དང་། ལས་ཞུགས། འཕྲོད་བསྟེན་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་དྲང་གཞག་གི་གོ་སྐབས་འགན་ལེན་གྱིས། གདོང་ཐུག་དང་འདྲ་མཉམ་མིན་པའི་སྣང་ཚུལ་རྩ་བའི་ཐོག་ནས་ཉུང་དུ་གཏོང་དགོས་པ་དང་། གཉིས་ནས་རིགས་ཁག་གི་རིགས་རྒྱུད་རིང་ལུགས“ཐར་པར་གཏན་ནས་མི་གཏོང་བའི”ཆབ་སྲིད་ཀྱི་འདོད་བློ་མཚོན་པར་བྱས་ཏེ། 《ཏེ་པན་བསྒྲགས་གཏམ་དང་བྱ་སྤྱོད་རྩ་འཛིན》དོན་འཁྱོལ་ཏན་ཏིག་བྱེད་དགོས་པ། གསུམ་ནས་ཤེས་དཔལ་མི་འདྲ་བའི་གླེང་མོལ་ལ་སྐུལ་འདེད་བཏང་ནས་མཐོང་ཆུང་མེད་པར་བཟོས་ཏེ་ཕན་ཚུན་བསམ་ཤེས་ཟབ་ཏུ་གཏོང་དགོས་པ། བཞི་ནས་མཐོང་ཆུང་གི་གཏམ་བརྗོད་དང་རིམས་ནད་ལ་བརྟེན་ནས་མིང་ཆད་བཟོ་བའི་བྱེད་སྤྱོད་གཏན་འགོག་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།

中央广播电视总台 央广网 版权所有

ཀྲུང་གོའི་འཐུས་མིས་བྱེད་ཐབས་སྤྱད་ནས་རིགས་རྒྱུད་རིང་ལུགས་མེད་པར་བཟོ་དགོས་པའི་འབོད་སྐུལ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་རིགས་རྒྱུད་རིང་ལུགས་དང་། ཕྱི་རྒྱལ་ལ་སྡང་པོ་བྱེད་པའི་བསམ་བློ།