ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དཔྱིད་གསར་དུས་ཆེན་རིང“དབྱི་ཝུའུ་ནས་ཤིན་ཅང་དང་ཡོ་རོབ་བར”གྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཡ་ཚེས་ནང་གཏོང་གྲངས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ།

2021-02-23 14:18:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ལྕགས་ལམ་ཧྲང་ཧའེ་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་གསལ། འདི་ལོའི་དཔྱིད་གསར་དུས་ཆེན་གྱི་གུང་སེང་རིང་། ཀྲེ་ཅང་དབྱི་ཝུའུ་དང་ཅིན་ཧྭ་ས་ཆ་གཉིས་ཀྱིས“དབྱི་ཝུའུ་ནས་ཤིན་ཅང་དང་ཡོ་རོབ་བར”གྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཁྱོན་ཐེངས་27བཏང་བའི་ནང་ཟླ་2ཚེས་17ཉིན་ཐེངས་10བཏང་ནས་ཡ་ཚེས་ལ་མེ་འཁོར་གཏོང་གྲངས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།

བསྡོམས་རྩིས་ལ་གཞིགས་ན། ལུགས་རྙིང་ལོ་གསར་གནམ་གང་ནས་ལོ་གསར་ཚེས་དྲུག་ཉིན་བར། དབྱི་ཝུའུ་དང་ཅིན་ཧྭ་ཡིས་ཀྲུང་ཡོ་དུས་གཏན་མེ་འཁོར་ཁྱོན་27བཏང་ནས་ཚད་ལྡན་དོས་སྒམ་2706དབོར་ཡོད། དེའི་ནང་དབྱི་ཝུའུ་ནས་མེ་འཁོར་ཐེངས་18བཏང་སྟེ་ཚད་ལྡན་དོས་སྒམ་1806དབོར་བ་དང་ཅིན་ཧྭ་ནས་མེ་འཁོར་ཐེངས་9བཏང་སྟེ་ཚད་ལྡན་དོས་སྒམ་900དབོར་ཡོད།
ཟླ་2ཚེས་17ཉིན་བར། འདི་ལོ་ཅིན་ཧྭ་ཟོག་འདྲེན་ལྟེ་གནས་ཁོངས་གཏོགས་ཀྱི་དབྱི་ཝུའུ་དང་ཅིན་ཧྭ་ཡི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་ལས་སྟེགས་གཉིས་ཀྱིས་ཁྱོན་མེ་འཁོར་272བཏང་ནས་ཚད་ལྡན་དོས་སྒམ་23320དབོར་བ་དེ་དུས་མཚུངས་ལས་315.7%འཕར་ཡོད་པ་རེད།

中央广播电视总台 央广网 版权所有

དཔྱིད་གསར་དུས་ཆེན་རིང“དབྱི་ཝུའུ་ནས་ཤིན་ཅང་དང་ཡོ་རོབ་བར”གྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཡ་ཚེས་ནང་གཏོང་གྲངས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ།

ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ལྕགས་ལམ་ཧྲང་ཧའེ་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་གསལ། འདི་ལོའི་དཔྱིད་གསར་དུས་ཆེན་གྱི་གུང་སེང་རིང་། ཀྲེ་ཅང་དབྱི་ཝུའུ་དང་ཅིན་ཧྭ་ས་ཆ་གཉིས་ཀྱིས“དབྱི་ཝུའུ་ནས་ཤིན་ཅང་དང་ཡོ་རོབ་བར”གྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཁྱོན