ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རི་ཡོངས་ཀྱི་མངའ་སྡེ་མང་པོར་གྲང་རླུང་ལྡང་བའི་གནམ་གཤིས་བསྟན་པའི་དབང་གིས་ཨ་རི་ཡོངས་སུ་མ་མཐའ་ཡང་མི་70གྲོངས་པ་རེད།

2021-02-22 10:58:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རི་ཡོངས་ཀྱི་མངའ་སྡེ་མང་པོར་གྲང་རླུང་ལྡང་བའི་གནམ་གཤིས་བསྟན་པའི་དབང་གིས་ཨ་རི་ཡོངས་སུ་མ་མཐའ་ཡང་མི་70གྲོངས་པ་རེད། གནོད་འཚེ་ཚབས་ཆེན་ཕོག་ཁུལ་ཏེ་ཁེ་ས་སི་མངའ་སྡེ་རུ་གློག་དྲ་རྒྱུན་གཏན་ལྟར་འཁོར་སྐྱོད་སླར་གསོ་ཐུབ་ཡོད། འོན་ཀྱང་ས་ཆ་དེ་གའི་གྲོང་མིར་སྔར་བཞིན་ཆུ་དང་ཟ་འབྲུ་དཀོན་པའི་དཀའ་ངལ་འཕྲད་ཡོད།

ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིར་ས་ཆ་མང་པོ་ཞིག་ཏུ་གྲང་རླུང་ལྡང་ནས་མི་10ལྷག་ཙམ་དྲོད་རླངས་མཁོ་འདོན་བྱེད་ཐབས་བྲལ་བའི་ཁྱིམ་དུ་གྲོངས་ཡོད། ཏེ་ཁེ་ས་སི་མངའ་སྡེ་ཡི་བཟའ་བཅའི་མཁོ་སྤྲོད་ཀྱང་སྔར་བཞིན་རྒྱུན་གཏན་ལྟར་སླར་གསོ་ཐུབ་མེད་ཅིང་། སྒོ་རྩིས་ཚོང་ཁང་ཆེ་གྲས་ནང་གི་ཚོང་ཟོག་མཛོད་ཉར་བྱེད་ཚད་ཀྱང་འདང་གི་མེད་པ་རེད། ཏེ་ཁེ་ས་སི་མངའ་སྡེ་ཡི་གྲོང་མིར་ཆུ་དང་ཟ་འབྲུ་ཆད་པའི་དཀའ་ངལ་འཕྲད་སྐབས། བསམ་ཡུལ་ལས་འདས་པ་ཞིག་ལ་ཁྱིམ་ཚང་ལ་ལར་གློག་རིན་མཐོ་པོའི་རྩིས་ཐོ་འབྱོར་ཡོད། ཏེ་ཁེ་ས་སི་མངའ་སྡེའི་གྲོང་མི་ཁག་གཅིག་ལ་ཨ་སྒོར་ཁྲི་1.1ཟིན་པའི་གློག་རིན་རྩིས་ཐོ་འབྱོར་བ་དང་། དེ་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྲི་7.1ཙམ་ཟིན་གྱི་ཡོད་པས་རྒྱུན་གཏན་གནས་ཚུལ་འོག་གི་ལྡབ་ཉིས་བརྒྱ་སུམ་བརྒྱ་ཡིན་པ་རེད།

《ཝ་ཧྲིང་ཐོན་སྦྲག་སྲིད་ཚགས་པར》ཐོག་རྩོམ་ཡིག་སྤེལ་ནས། ཏེ་ཁེ་ས་སི་མངའ་སྡེར་ནུས་རྒྱུའི་ཉམས་ཉེན་འཕྲད་པ་དེ་ནི་ཨ་རི་སྲིད་གཞུང་གིས་རང་བྱུང་གནོད་འཚེར་ཁ་གཏད་གཅོག་མི་ཐུབ་པའི་དཔེ་མཚོན་གསར་ཤོས་ཤིག་རེད་ཅེས་བསྟན་ཡོད། ལོ་མང་གོང་ཏེ་ཁེ་ས་སི་མངའ་སྡེས་གྲང་ངར་ཆེ་བའི་གནམ་གཤིས་ལ་ཁ་གཏད་གཅོག་རྒྱུའི་ཐད་ཀྱི་གློག་དྲའི་གྲོས་འགོ་ཉན་མེད་ལ། 2005ལོའི་ཁ་ཐེ་ལི་ནའི་རྒྱ་མཚོའི་རླུང་འཚུབ་དང་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་སྐབས་ཨ་རི་སྲིད་གཞུང་གིས་ཀྱང་གྲ་སྒྲིག་ཡག་པོ་བྱས་མེད་ལ་ཁ་གཏད་ཡག་པོ་འཇལ་ཐུབ་མེད།

ཏེ་ཁེ་ས་སི་མངའ་སྡེའི་མ་ནུའོ་གྲོང་ཁྱེར་གྱི་གྲོང་སྤྱི་ལ་ལི་·ཧྭ་ལའེ་ཧྲི་ཡིས། མ་ནུའོ་གྲོང་ཁྱེར་དུ་སྔར་བཞིན་མི་སྟོང་ཕྲག་ཁ་ཤས་ལ་གློག་དང་ཆུ་འདང་གི་མེད་པས། ཁོང་གིས་གློག་ཤུགས་ཀུང་སི་དང་མངའ་སྡེ་སྲིད་གཞུང་གི་འགོ་ཁྲིད་ལ་བློ་ཕམ་ཆེན་པོ་སྐྱེས་བྱུང་ཞེས་བཤད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

 

中央广播电视总台 央广网 版权所有

ཨ་རི་ཡོངས་ཀྱི་མངའ་སྡེ་མང་པོར་གྲང་རླུང་ལྡང་བའི་གནམ་གཤིས་བསྟན་པའི་དབང་གིས་ཨ་རི་ཡོངས་སུ་མ་མཐའ་ཡང་མི་70གྲོངས་པ་རེད།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རི་ཡོངས་ཀྱི་མངའ་སྡེ་མང་པོར་གྲང་རླུང་ལྡང་བའི་གནམ་གཤིས་བསྟན་པའི་དབང་གིས་ཨ་རི་ཡོངས་སུ་མ་མཐའ་ཡང་མི་70གྲོངས་པ་རེད། གནོད་འཚེ་ཚབས་ཆེན་ཕོག་ཁུལ་ཏེ་ཁེ་ས་སི་མངའ་སྡེ་རུ་གློག་དྲ་རྒྱུན་གཏན་ལྟར་འཁོར་སྐྱོད་སླར་གསོ་ཐུབ་ཡོད།