ཨ་རིར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་འགོས་པ་ནད་རྟགས་གཏན་འཁེལ་བྱུང་བའི་ནད་པ་ཁྲི་2795དང་8323ཟིན་པ་དང་། ཚེ་འདས་ནད་པ་ཁྲི་49དང་5129ཟིན་ཡོད།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རིའི་གཡོལ་ཧན་སི་ཧོར་ཕུ་ཅིན་སེའི་སློབ་ཆེན་གྱི་སྡོམ་རྩིས་གྲངས་གཞི་གསར་ཤོས་ལ་གཞིགས་ན། པེ་ཅིང་གི་དུས་ཚོད་སྤྱི་ཚེས་20ཉིན་གྱི་ཐོ་རེངས་ཆུ་ཚོད་5དང་སྐར་མ་23བར་སླེབས་དུས། ཨ་རིར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་འགོས་པ་ནད་རྟགས་གཏན་འཁེལ་བྱུང་བའི་ནད་པ་ཁྲི་2795དང་8323ཟིན་པ་དང་། ཚེ་འདས་ནད་པ་ཁྲི་49དང་5129ཟིན་ཡོད། འདས་པའི་ཆུ་ཚོད་24ནང་ནད་རྟགས་གཏན་འཁེལ་བྱུང་བའི་ནད་པ་ཁྲི་7དང་6595མང་དུ་ཕྱིན་པ་དང་། ཚེ་འདས་ནད་པ་2483མང་དུ་ཕྱིན་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།