ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་བར་གྱི་འབྲེལ་བ་ཡག་ཏུ་གཏོང་དགོས་ན། ཨའོ་སི་ཁྲུའུ་ལི་ཡ་ཕྱོགས་ནས་ངེས་པར་དུ་ལྷག་བསམ་སྟོན་དགོས།

2021-02-20 09:59:00     责编:sangjzm

ཉིན་ཤས་ནང་། ཨའོ་སི་ཁྲུའུ་ལི་ཡས་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་ལྷུངས་བའི་ཀྲུང་གོའི་བར་གྱི་འབྲེལ་བ་དེར་འགྱུར་ལྡོག་གཏོང་རྩིས་བྱས་ཡོད། སྤྱི་ཟླ་2ཚེས་1ཉིན། ཨའོ་སི་ཁྲུའུ་ལི་ཡའི་ཙུང་ལི་མོ་ལི་སན་གྱིས་གཏམ་བཤད་གནང་སྐབས་ཀྲུང་གོ་དང་ཨའོ་སི་ཁྲུའུ་ལི་ཡའེ་བར་གྱི་འབྲེལ་བ་སྐོར་བཤད་ཡོད། ཨའོ་སི་ཁྲུའུ་ལི་ཡས་ད་ལྟ་གླེང་མོལ་བྱ་རྒྱུའི་གོ་སྐབས་འཚོལ་བཞིན་ཡོད་པ་དང་། ཀྲུང་གོ་དང་འབྲེལ་བ་བྱ་རྒྱུར་མུ་མཐུད་ནས་འབད་འབུངས་བྱ་རྒྱུ་ཡིན་ཞེས་འཁོད་ཡོད། གླེང་མོལ་བྱ་རྒྱུའི་གྲོས་འགོ་སྟོན་པ་དང་། རང་འགུལ་ངང་ནས་འཕྲིན་ཡིག་སྤྲིངས་པ། ཞི་བ་ཡོང་རྒྱུའི་རེ་བ་བཅངས་པ། ན་ནིང་ནས་བཟུང་། མོ་ལི་སན་ཚུད་པའི་ཨའོ་སི་ཁྲུའུ་ལི་ཡའི་སྲིད་གཞུང་གི་དཔོན་རིགས་མང་པོ་ཞིག་གིས་རྣམ་འགྱུར་ཐེངས་མང་སྟོན་ནས། ཀྲུང་གོ་དང་ཨའོ་སི་ཁྲུའུ་ལི་ཡའི་བར་གྱི་འབྲེལ་བ་ཡག་ཏུ་འགྲོ་རྒྱུའི་རེ་བ་བཅོལ་ཡོད།

ཀྲུང་གོར་ངོ་རྒོལ་བྱེད་མཁན་གྱི་གདོང་ལེན་པ་ཡིན་ཞེས་སྤོབས་པ་བྱེད་མཁན་གྱི་ཨའོ་སི་ཁྲུའུ་ལི་ཡས། ཉེ་དུས་ཀྲུང་གོ་དང་ཨའོ་སི་ཁྲུའུ་ལི་ཡའི་བར་གྱི་འབྲེལ་བ་ཡག་ཏུ་གཏོང་བའི་བརྡ་འཕྲིན་ག་ས་ག་ལ་གཏོང་དགོས་དོན་གང་ཡིན། ཨའོ་སི་ཁྲུའུ་ལི་ཡའི་སྲིད་གཞུང་གིས་རྩིས་གང་བརྒྱབ་ཡོད་མིན་ཁོང་ཚོའི་སེམས་ནང་ཁ་གསལ་གཏིང་གསལ་ཡིན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ཧ་གསལ་པོ་གོ་གི་ཡོད།

ཀྲུང་གོ་དང་འབྲེལ་བ་སྡུག་ཏུ་ཕྱིན་པ་དེས་ཨའོ་སི་ཁྲུའུ་ལི་ཡའི་དཔལ་འབྱོར་ལ་གྱོང་གུན་ཆེན་པོ་ཕོག་ཡོད། ཨའོ་སི་ཁྲུའུ་ལི་ཡ་ནི་ཀྲུང་གོའི་ཉོ་ཚོང་རོགས་པ་ཨང་བརྒྱད་པ་དེ་ཡིན་ཞིང་། ཀྲུང་གོ་ནི་ཨའོ་སི་ཁྲུའུ་ལི་ཡའི་ཉོ་ཚོང་རོགས་པ་ཨང་དང་པོ་དང་། ཕྱིར་གཏོང་ཁྲོམ་ར་དང་ནང་འདྲེན་བྱེད་པའི་འབྱུང་ཁུངས་ཡིན་པ་རེད། དཔལ་འབྱོར་ཐད་ལ་ཡང་ཀྲུང་གོར་བརྟེན་ཤུགས་ཆེན་པོ་ཡིན་པ་དང་། ཨའོ་སི་ཁྲུའུ་ལི་ཡའི་དྲག་སྐྱོད་ཀྱི་ཀྲུང་གོར་ངོ་རྒོལ་བྱེད་པའི་སྲིད་ཇུས་འཛིན་པ་དེ་རང་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་དོང་རྙི་འདྲུད་པ་ལྟ་བུ་ཡིན་པ་ནི་སྨོས་མི་དགོས་པ་ཞིག་རེད། ཀྲུང་གོ་དང་ཨའོ་སི་ཁྲུའུ་ལི་ཡའེ་འབྲེལ་བ་ཇེ་སྡུག་ཏུ་སོང་བ་དང་བསྟུན་ནས། ཨའོ་སི་ཁྲུའུ་ལི་ཡའི་ཞིང་ལས་ཐོན་རྫས་དང་། ཞིང་ལས་ཐོན་རྫས་དང་རྡོ་སོལ་སོགས་ཚོང་ཟོག་མང་པོ་ཞིག་ཀྲུང་གོར་ཕྱིར་གཏོང་བྱེད་པའི་སྐབས་སུ་འགོག་རྐྱེན་འཕྲད་ཡོད་པ་དང་། ཀྲུང་གོར་ཉོ་ཚོང་བྱེད་པའི་འབོར་གྲངས་ཤུགས་ཆེན་ཆག་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་འོག ཀྲུང་གོར་ཕྱིར་གཏོང་བྱེད་ཚད་ཉུང་དུ་འགྲོ་བ་དེས་ཨའོ་སི་ཁྲུའུ་ལི་ཡའི་དཔལ་འབྱོར་ལ་དེ་བས་ཀྱང་རྡབ་གསིག་ཆེན་པོ་བཟོས་ཡོད། ཀྲུང་གོའི་བར་གྱི་འབྲེལ་བ་ཡག་ཏུ་གཏོང་རྒྱུ་དེ་ཨའོ་སི་ཁྲུའུ་ལི་ཡའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་འབོད་སྐུལ་དུ་གྱུར་ཡོད། ཡིན་ནའང་། ཀྲུང་གོའི་བར་གྱི་འབྲེལ་བ་ཡག་ཏུ་གཏོང་རྒྱུའི་ཐད། ཨའོ་སི་ཁྲུའུ་ལི་ཡའི་རྣམ་འགྱུར་བལྟས་པ་ཙམ་གྱི་ཡག་པོ་ཡོད་ན་ཡང་། བྱ་སྤྱོད་སྤེལ་འགོར་པོ་ཡིན། མ་གཞི་དཔལ་འབྱོར་གྱིས་སྣོན་ཤུགས་ཆེན་པོ་སྤྲད་པའི་དབང་གིས། ཨའོ་སི་ཁྲུའུ་ལི་ཡའི་མཐོ་རིམ་དཔོན་རིགས་མང་པོ་ཞིག་གིས་ཀྲུང་གོར་འཛིན་པའི་རྣམ་འགྱུར་ཡག་ཏུ་ཕྱིན་ཡོད།

ཡིན་ནའང་དེས་ཨའོ་སི་ཁྲུའུ་ལི་ཡས་འགྱོད་བཤགས་བྱས་ཟིན་པ་དང་ཡང་ན་རྒྱལ་ཁབ་གཉིས་པོའི་བར་གྱི་འབྲེལ་བ་དངོས་འབྲེལ་ཡག་ཏུ་གཏོང་བསམ་པ་མཚོན་གྱི་མེད། སྤྱི་ཟླ་2ཚེས་4ཉིན། ཨའོ་སི་ཁྲུའུ་ལི་ཡའི་ཕྱི་འབྲེལ་དཔོན་གྱིས་གློ་བུར་དུ་ཀྲུང་གོར་ངོ་རྒོལ་བྱེད་པའི་གསལ་བསྒྲགས་ཤིག་སྤེལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་གྲངས་ཉུང་རིགས་རྒྱུད་ལ་གཉའ་གནོན་བྱེད་པའི་གནད་དོན་ལ་བརྟག་དཔྱད་བྱེད་པའི་རེ་བ་སྟོན་ཡོད། ཨའོ་སི་ཁྲུའུ་ལི་ཡས་ངན་ཇུས་ཡང་བསྐྱར་བཤམས་པས་ཀྲུང་གོའི་བར་གྱི་འབྲེལ་བ་ཡག་ཏུ་གཏོང་བའི་ལྷག་བསམ་གང་དུ་ཡོད།

ཀྲུང་གོ་དང་ཨའོ་སི་ཁྲུའུ་ལི་ཡའི་འབྲེལ་བ་ད་ཆའི་གནས་སུ་གྱར་བ་དེས། ཨའོ་སི་ཁྲུའུ་ལི་ཡས་ཉེ་བའི་ལོའི་ནང་མི་བྱེད་དགུ་བྱེད་བྱས་པའི་འབྲས་བུ་རེད། མངོན་སུམ་འཛེམས་མེད་ངང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་བརྒལ་ནས། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་པ། གཅིག་མཇུག་གཉིས་མཐུད་དུ་ཤང་ཀང་དང་འབྲེལ་བ་ཡོད་པ་དང་། ཤིན་ཅང་དང་འབྲེལ་བ་ཡོད་པ། ཐའེ་ཝན་དང་འབྲེལ་བ་ཡོད་པ་སོགས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ནོར་འཁྲུལ་ཤོར་བའི་གཏམ་སྤྱོད་སྤེལ་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་རྒྱུ་མཚན་དུ་བྱས་ནས། ཧྭ་ཝེ་ཡིས་ཨའོ་སི་ཁྲུའུ་ལི་ཡར་༥gའགུལ་འཕྲིན་དྲ་རྒྱས་མཁོ་འདོན་བྱས་པའི་སྒྲིག་ཆས་སྔོན་ལ་བཀག་ཡོད་པ་དང་། ཨའོ་སི་ཁྲུའུ་ལི་ཡར་བཅའ་སྡོད་ཀྲུང་གོའི་གསར་འགྱུར་ཚན་པའི་གསར་འགོད་པར་རང་དགར་སྔོག་བཤེར་བྱས་པ། རིམས་ནད་ཀྱི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བ་བྱས་པ། རང་ཚུགས་རྒྱལ་སྤྱིའི་གྲོས་ཞིབ་ཟེར་བ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་རིམས་ནད་སྔོན་འགོག་ཚོད་འཛིན་མཉམ་ལས་ལ་རྙོག་དྲ་བཟོ་བ་སོགས་བྱེད་སྟངས་དེ་རིགས་ཀྱིས་ཀྲུང་གོ་དང་ཨའོ་སི་ཁྲུའུ་ལི་ཡ་རྒྱལ་ཁབ་གཉིས་པོའི་བར་གྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པར་གནོད་འཚེ་ཚབས་ཆེན་བཟོས་ཡོད་པ་དང་། ཕྱོགས་གཉིས་འབྲེལ་བའི་ཁོར་ཡུག་ཇེ་སྡུག་ཏུ་བཏང་ཡོད་ལ། རྒྱལ་ཁབ་གཉིས་པོའི་སྔར་ཡོད་ཀྱི་དངོས་སྒྲུབ་མཉམ་ལས་ཀྱི་འཕེལ་ཕྱོགས་བཟང་པོ་ལ་ཡང་ཚོད་འཛིན་ཐེབས་ཡོད།

དེ་དང་འདྲ་བའི་བྱ་སྤྱོད་མང་པོ་ཞིག་གིས་ཨའོ་སི་ཁྲུའུ་ལི་ཡའི་སྨྱོ་བ་ལྟར་གྱི་སེམས་ཁམས་དམར་རྗེན་དུ་མངོན་ཡོད། ཆབ་སྲིད་དང་དམག་དོན་གྱི་ཁྱབ་ཁོངས་སུ་ཨ་རི་རྗེས་སུ་འབྲངས་པ་དང་། རྒྱ་གར་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་འཐབ་ཇུས་ནང་ཧུར་ཐག་ཞུགས་པ། ཀྲུང་གོ་འཕེལ་རྒྱས་འགྲོ་བ་དེ་ཉེན་ཁར་བརྩིས་ནས། རྟག་ཏུ་ཀྲུང་གོར་རྙོག་དྲ་བཟོ་བ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཁྱབ་ཁོངས་སུ། ཀྲུང་གོའི་ལྕགས་ཕོར་དེ་དམ་པོར་བཟུང་བའི་སེམས་པ་བཅངས་པ། ཀྲུང་གོ་དང་ཉོ་ཚོང་བྱེད་པའི་ཁྲོད་ཁེ་བཟང་ཆེན་པོ་རག་ཐབས་བྱེད་ཀྱི་ཡོད། ཁ་ལག་བཟས་ནས་ཕོར་པ་བཅག་པའི་བྱ་སྤྱོད་དེ་དངོས་གནས་གཞུང་རྒྱུད་དྲང་པོ་ཞིག་མ་ཡིན།

སྐྱོན་བྲལ་བརྟན་ལྷིང་གི་ཀྲུང་གོ་དང་ཨའོ་སི་ཁྲུའུ་ལི་ཡའི་འབྲེལ་བ་ནི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་འཚམས་ཀྱི་ཡོད། མིག་སྔར། ཀྲུང་གོ་དང་ཨའོ་སི་ཁྲུའུ་ལི་ཡའི་འབྲེལ་བར་འཕྲད་པའི་དཀའ་ཁག་ཚབས་ཆེན་དེ་ཀྲུང་གོའི་ཕྱོགས་ནས་མཐོང་འདོད་མེད། རྣམ་པ་དེ་ལྟ་བུ་ཆགས་པའི་འགན་འཁྲི་ཡང་ཀྲུང་གོའི་ཕྱོགས་ལ་མེད། གལ་ཏེ་ཀྲུང་གོ་དང་ཨའོ་སི་ཁྲུའུ་ལི་ཡའི་བར་གྱི་འབྲེལ་བ་དངོས་འབྲེལ་ཡག་ཏུ་གཏོང་དགོས་ན། ཨའོ་སི་ཁྲུའུ་ལི་ཡའི་ཕྱོགས་ནས་བྱེད་དགོས་པ་ནི་རྒྱལ་ཁ་གཉིས་པོའི་འབྲེལ་བར་འགོག་རྐྱེན་བཟོ་བའི་འགག་རྩ་དེར་ཡག་དག་པའི་ལྟ་བ་འཛིན་དགོས་པ་དང་། དོན་དངོས་དང་མཐུན་པ་དང་སྟངས་འཛིན་གྱི་སྒོ་ནས་ཀྲུང་གོ་དང་ཀྲུང་གོའི་གོང་འཕེལ་ལ་ལྟ་ལྟངས་འཛིན་དགོས་པ། ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་རྩ་དོན་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐག་གཅོད་བྱེད་པ། རྒྱལ་ཁབ་གཉིས་པོའི་ཕན་ཚུན་ཡིད་ཆེས་ཤུགས་ཆེར་འགྲོ་ཆེད་བྱ་བ་མང་ཙམ་བསྒྲུབ་དགོས་པ་དང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ངོ་མ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有

ཀྲུང་གོའི་བར་གྱི་འབྲེལ་བ་ཡག་ཏུ་གཏོང་དགོས་ན། ཨའོ་སི་ཁྲུའུ་ལི་ཡ་ཕྱོགས་ནས་ངེས་པར་དུ་ལྷག་བསམ་སྟོན་དགོས།

ཉིན་ཤས་ནང་། ཨའོ་སི་ཁྲུའུ་ལི་ཡས་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་ལྷུངས་བའི་ཀྲུང་གོའི་བར་གྱི་འབྲེལ་བ་དེར་འགྱུར་ལྡོག་གཏོང་རྩིས་བྱས་ཡོད། སྤྱི་ཟླ་2ཚེས་1ཉིན། ཨའོ་སི་ཁྲུའུ་ལི་ཡའི་ཙུང་ལི་མོ་ལི་སན་གྱིས་གཏམ་བཤད་གནང་སྐབས་ཀྲུང་གོ་དང་ཨའོ་སི་ཁྲུའུ་ལི་ཡའེ་བར་གྱི་འབྲེལ་བ་སྐོར་བཤད་ཡོད། ཨའོ་སི་ཁྲུའུ་ལི་ཡས་ད་ལྟ་གླེང་མོལ་བྱ