ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་དུང་ཕྱུར་གཅིག་དང་ཁྲི་0959ཟིན་ཡོད་ཅེས་བསྟན་པ།

2021-02-20 09:43:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་དུང་ཕྱུར་1དང་ཁྲི་0959དང་4835ཟིན་པ་དང་། རིམ་རྩིས་བྱས་ན་ཚེ་འདས་ནད་པ་ཁྲི་242དང་4060ཟིན་ཡོད་པ་རེད། གོ་ལ་ཧྲིལ་པོར་ནད་རྟགས་གཏན་འཁེལ་བྱུང་བའི་ནད་པ་ཉིན་གོང་མ་དང་བསྡུར་ན་ཁྲི་36དང་3654མང་དུ་ཕྱིན་པ་དང་། ཚེ་འདས་ནད་པ་9619མང་དུ་ཕྱིན་ཡོད་པ་རེད། ཨ་རིའི་གཡོད་ཧན་སི་ཧོ་ཧྥུའུ་ཅིན་སི་སློབ་ཆེན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། པེ་ཅིང་གི་དུས་ཚོད་སྤྱི་ཚེས་19ཉིན་གྱི་ཆུ་ཚོད་4དང་སྐར་མ་23བར་སླེབས་དུས། ཨ་རིར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་ཁྲི་2877དང་6525ཟིན་པ་དང་། ཚེ་འདས་ནད་པ་ཁྲི་49དང་2302ཟིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་དུང་ཕྱུར་གཅིག་དང་ཁྲི་0959ཟིན་ཡོད་ཅེས་བསྟན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་དུང་ཕྱུར་1དང་ཁྲི་0959དང་4835ཟིན་པ་དང་། རིམ་རྩིས་བྱས་ན་ཚེ་འདས་ནད་པ་ཁྲི་242དང་4060ཟིན་ཡོད་པ་རེད།