ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་མཚོ་དམག་དམག་གྲུ་རུ་ཁག་གིས་ཞི་བདེ་21ཞེས་པའི་རྒྱལ་ཁབ་མང་པོའི་མཚོ་དམག་གི་མཉམ་འབྲེལ་ནང་སྦྱོང་དང་མཚོ་ཐོག་དུས་མཚམས་རང་བཞིན་གྱི་ནང་སྦྱོང་ལེགས་སྒྲུབ་བྱུང་བ།

2021-02-20 09:33:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་གོང་། མེ་ཤུགས་འཕུར་མདེལ་མཐར་སྐྲོད་དམག་གྲུ་ཀུའེ་ཡང་དམག་གྲུ་དང་། མེ་ཤུགས་འཕུར་མདེལ་སྲུང་སྐྱོང་དམག་གྲུ་ཙའོ་ཀྲོང་དམག་གྲུ ཕྱོགས་བསྡུས་མཁོ་སྒྲུབ་དམག་གྲུ་ཏུང་ཕིང་མཚོའི་དམག་གྲུ་བཅས་ལས་གྲུབ་པའི་ཀྲུང་གོའི་མཚོ་དམག་དམག་གྲུ་རུ་ཁག་གིས་ཕ་ཀི་སི་ཐན་གྱི་ཁ་ལ་ཆི་མཚོ་ཁོངས་སུ་ཞི་བདེ་21ཞེས་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་ནང་སྦྱོང་ནང་མཚོ་ཐོག་དུས་མཚམས་རང་བཞིན་གྱི་ནང་སྦྱོང་ལེགས་སྒྲུབ་བྱུང་ཡོད། ད་ཐེངས་ཀྱི་མཉམ་འབྲེལ་ནང་སྦྱོང་དེ་ཕ་ཀི་སི་ཐན་གྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་དང་། ཨུ་རུ་སུ། ཨ་རི། དབྱིན་ཇི་སོགས་རྒྱལ་ཁབ་45དེའི་ནང་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有

ཀྲུང་གོའི་མཚོ་དམག་དམག་གྲུ་རུ་ཁག་གིས་ཞི་བདེ་21ཞེས་པའི་རྒྱལ་ཁབ་མང་པོའི་མཚོ་དམག་གི་མཉམ་འབྲེལ་ནང་སྦྱོང་དང་མཚོ་ཐོག་དུས་མཚམས་རང་བཞིན་གྱི་ནང་སྦྱོང་ལེགས་སྒྲུབ་བྱུང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་གོང་། མེ་ཤུགས་འཕུར་མདེལ་མཐར་སྐྲོད་དམག་གྲུ་ཀུའེ་ཡང་དམག་གྲུ་དང་། མེ་ཤུགས་འཕུར་མདེལ་སྲུང་སྐྱོང་དམག་གྲུ་ཙའོ་ཀྲོང་དམག་གྲུ ཕྱོགས་བསྡུས་མཁོ་སྒྲུབ་དམག་གྲུ་ཏུང་ཕིང་མཚོའི་དམག་གྲུ་བཅས་ལས་གྲུབ་པའི་ཀྲུང་གོའི་མཚོ་དམག་དམག་གྲུ་རུ་ཁག་གི