ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དགུན་དུས་ཀྱི་རླུང་དམར་དྲག་པོས་ཨ་རིའི་མངའ་སྡེ་མང་པོ་ཞིག་སྡུག་ལ་སྦྱར །

2021-02-19 18:16:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་བསྟུད་མར་དགུན་དུས་ཀྱིས་རླུང་དམར་དྲག་པོས་ཨ་རིའི་མངའ་སྡེ་མང་པོ་ཞིག་སྡུག་ལ་སྦྱར་ཡོད། ཨ་རིའི་རྒྱལ་ཁབ་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། རླུང་དམར་ལྡང་བ་དང་གངས་འབབ་པའི་གནམ་གཤིས་ཨ་རིའི་ལྷོ་རྒྱུ་དང་དབུས་ནུབ་རྒྱུད། བྱང་ཤར་རྒྱུད་བཅས་ཀྱི་མངའ་སྡེ་ཡོངས་སུ་བསྟན་རྒྱུ་ཡིན་པ་དང་། ཤུགས་རྐྱེན་ཐེབས་པའི་མི་འབོར་དུང་ཕྱུར་1དང་བྱེ་བ་1ས་ཡ་5ཟིན་བཟོ་ཡོད་པ་རེད། གཞན་ཡང་ཨ་རིའི་སྨྱན་སྦྱོར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དགུན་དུས་རླུང་དམར་དྲག་པོ་ལྡང་བའི་རྐྱེན་གྱིས་ཉུང་མཐར་ཡང་མི་33རྐྱེན་ལམ་དུ་བཏང་ཡོད་པ་དང་། ཁྱིམ་ཚང་དང་ཚོང་དུད་བརྒྱ་ཕྲག་གི་གློག་རྒྱུན་མཐུད་ངང་ཆད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

中央广播电视总台 央广网 版权所有

དགུན་དུས་ཀྱི་རླུང་དམར་དྲག་པོས་ཨ་རིའི་མངའ་སྡེ་མང་པོ་ཞིག་སྡུག་ལ་སྦྱར །

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་བསྟུད་མར་དགུན་དུས་ཀྱིས་རླུང་དམར་དྲག་པོས་ཨ་རིའི་མངའ་སྡེ་མང་པོ་ཞིག་སྡུག་ལ་སྦྱར་ཡོད། ཨ་རིའི་རྒྱལ་ཁབ་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། རླུང་དམར་ལྡང་བ་དང་གངས་འབབ་པའི་གནམ་གཤིས་ཨ་རིའི་ལྷོ་རྒྱུ་དང་དབུས་ནུབ་རྒྱུད།