ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་གནམ་མིག་གིས་འཛམ་གླིང་དང་མཉམ་དུ་འབྱུང་འགྱུར་ལ་བསུ་བ་ཞུ་རྒྱུ་རེད།

2021-01-08 16:04:00     责编:sangjzm

ཀྲུང་གོས་ཉིན་ཤས་གོང་འཛམ་གླིང་ལ། ཀྲུང་གོའི་གནམ་མིག་ཅེས་སུ་གྲགས་པའི་ཁ་ཞེང་ལ་སྨི500ཡོད་པའི་གློག་འདྲེན་ཟླུམ་གཟུགས་རྒྱང་ཤེལ་དེ་སྤྱི་ཟླ4པའི་ཚེས1ཉིན་ནས་བཟུང་འཛམ་གླིང་ཧྲིལ་པོའི་ཚན་རིག་ལས་རིགས་ལ་སྒོ་མོ་འབྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད། དེས་འཛམ་གླིང་ཚན་རིག་ལས་རིགས་ལ་ཀྲུང་གོའི་བློ་རིག་སྐྱེས་སུ་འབུལ་རྒྱུ་དང་། འཛམ་གླིང་ཧྲིལ་པོའི་ལས་གྲྭའི་ལས་རིགས་ལ་ཀྲུང་གོའི་ལག་རྩལ་མཁོ་འདོན་བྱ་རྒྱུ། མིའི་རིགས་ཀྱི་བར་སྣང་ཁམས་ཀྱི་ལས་དབང་གཅིག་མཐུན་མ་ལག་ལ་ཀྲུང་གོའི་ལེགས་སྐྱེས་དང་ཀྲུང་གོའི་གོང་འཕེལ་གྱི་ཉམས་མྱོང་མཁོ་འདོན་བྱ་རྒྱུ་སོགས་ཀྲུང་གོའི་གནམ་མིག་ཅེས་པས། རྒྱལ་ཁབ་ཁག་གི་ཚན་རིག་མཁས་པ་གདན་འདྲེན་ཞུས་ནས་རྒྱུ་སྐར་གྱི་བར་ཁམས་ཆེན་མོའི་ཕྱོགས་སུ་མདུན་སྐྱོད་བྱས་ཏེ་འབྱུང་འགྱུར་ལ་བསུ་བ་ཞུ་རྒྱུ་ཡིན་པ་རེད།

ལྐོག་གྱུར་གྱི་འཇིག་རྟེན་ཁམས་ལ་རྒྱང་ལྟ་བྱེད་སྐབས། འཛམ་གླིང་ཧྲིལ་པོའི་ཚན་རིག་མཁས་པ་ཚོས་འབྱུང་འགྱུར་ལོ་འགའི་རིང་ཀྲུང་གོའི་གནམ་མིག་དེ་རིན་ཆེན་གསེར་མིག་ལ་འགྱུར་བ་བྱ་རྒྱུ་རེད། འཇིག་རྟེན་སྐར་ཚོམས་ནས་རྨང་གཞིའི་ཕྲ་རྡུལ་བར། མིའི་རིགས་ཀྱི་གལ་ཆེའི་ཚན་རིག་གི་འཚོལ་སྙེགས་ཚང་མ་རྩེར་སོན་གྱི་ཚན་ཞིབ་ཡོ་བྱད་དང་ཁ་བྲལ་ཐབས་མེད། གནམ་རིག་རིགས་པའི་ལས་རིགས་ཀྱིས། འཇིག་རྟེན་ཁམས་ཀྱི་ཁྲོད་མིའི་རིགས་ཀྱིས་མཐོང་ཐུབ་པ་ནི་བརྒྱ་ཆ1ཙམ་གྱི་འོད་ལྡན་དངོས་པོ་ཡིན་པའི་དགོངས་པ་བཞེས་བཞིན་ཡོད། ཚན་རིག་མཁས་པ་ཚོས་གློག་འདྲེན་རྒྱང་ཤེལ་བཀོལ་སྤྱོད་བྱས་པར་བརྟེན་ནས་འཇིག་རྟེན་ལ་ལྟ་ཞིབ་བྱེད་པའི་ནུས་པ་ཆེ་རུ་གཏོང་བཞིན་ཡོད། འཛམ་གླིང་སྟེང་གི་གློག་འདྲེན་རྒྱང་ཤེལ་ཆེ་ཤོས་དང་བེད་སྤྱོད་བྱེད་བདེ་ཤོས་དེ་ཡིན་པའི་ཆ་ནས། ཀྲུང་གོའི་གནམ་མིག་ཅེས་པས་དེ་བས་བར་ཐག་རིང་ཞིང་ལྐོག་འགྱུར་དུ་སོང་བའི་སྐར་མའི་གོ་ལའི་དངོས་རྫས་མཐོང་ཐུབ་པ་དང་། དེའི་ཚོར་སྣང་སྐྱེན་ཚད་ཀྱིས་ཚན་རིག་མཁས་པས་འགུལ་ཚད་དམའ་བའི་འདྲེན་རླབས་འཚོལ་ཞིབ་དང་། སྐར་ཚོམས་ཀྱི་གྲུབ་ཆ་སོགས་རྩེར་སོན་ཁྱབ་ཁོངས་སུ་འགག་གཏོར་ཐུབ་ནས། ཚན་རིག་མཁས་པ་ཚོར་དེའི་གོང་ཤེས་རྟོགས་མ་ཐུབ་པའི་སྐར་མའི་གོ་ལའི་དངོས་རྫས་དང་། འཇིག་རྟེན་གྱི་སྣང་ཚུལ། འཇིག་རྟེན་གྱི་ཆོས་ཉིད་བཅས་ལ་ཤེས་རྟོགས་ཐུབ་པའི་ནུས་པ་ལྡན་རྒྱུ་རེད། ཀྲུང་གོའི་གནམ་མིག་གིས་འཛམ་གླིང་ཧྲིལ་པོར་སྒོ་མོ་ཕྱེ་བའི་ཆ་འཕྲིན་གྱིས། ཨ་རིའི་ཞི་ཧྥུ་ཅི་ཉི་ཡ་སློབ་ཆེན་གྱི་གློག་འདྲེན་གནམ་རིག་རིགས་པ་མཁས་ཅན་མའེ་ཁེ་ལའོ་ཧྥུ་ལིན་ལ་དགའ་སྤྲོ་དཔག་མེད་སྐྱེས་ཡོད། ཁོང་གིས་གང་དེ་བེད་སྤྱོད་བྱས་ནས་སྐར་མའི་གོ་ལ་ཞིག་ལ་ཞིབ་འཇུག་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། དེའི་ཁྲོད་དགུ་ཚིགས་ཁྱིམ་རྒྱུད་ཕྱི་རོལ་གྱི་སྐར་ཁྱིམ་གྱིས་རྒྱུ་སྐར་དངོས་རྫས་ལ་འཚོལ་སྙེགས་བྱ་རྒྱུ་ཚུད་ཡོད་ཅེས་གསུངས་པ་རེད།

ཀྲུང་གོའི་གནམ་མིག་ཅེས་པ་དེས་འཛམ་གླིང་ཧྲིལ་པོའི་ལས་གྲྭའི་ལས་རིགས་ལ་ཚན་རིག་ལས་གྲྭ་ཆེན་པོའི་ཀྲུང་གོའི་ཉམས་མྱོང་དང་གསར་གཏོད་ཀྱི་ལག་ལེན་ལེགས་སྐྱེས་སུ་ཕུལ་བ་སྟེ། ལྡོག་འཕྲོའི་སྡེ་ཚན་གྱིས་གྲུབ་པའི་ལྡོག་ངོས4450དང་། སྨི500རིང་ཚད་ལྡན་པའི་འཇལ་བྱེད་ཡོ་བྱད་ཀྱིས་གྲུ་ཟུར་འཇལ་སྐབས་གནད་ལ་འཕིགས་ཚད་སྐར་ཆ8ཟིན་པ་སོགས་རྒྱལ་སྤྱིའི་སྟེང་དེའི་གོང་ཐོན་མ་མྱོང་བའི་སྔོན་དཔེ་དེ་དག་གི་སྟེང་ཀྲུང་གོ་བའི་བློ་རིག་དང་རྔུལ་ཆུ་བསྡུས་ཡོད། དོན་དངོས་ཐོག ཀྲུང་གོའི་གནམ་མིག་ཅེས་པ་དེ་ཐོན་མ་ཐག་ནས་འཛམ་གླིང་ཧྲིལ་པོར་ཕན་འདོགས་རྒྱུའི་འགན་འཁྲི་ཕྲག་ཏུ་འཁྱེར་ཡོད། ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་རྒྱལ་ཁབ་གནམ་རིག་སྟེགས་བུ་འཛུགས་པའི་ཐོག་མའི་དུས་ནས། ཀྲུང་གོའི་གནམ་མིག་གིས་རྒྱལ་སྤྱིའི་སྔར་ཡོད་སྒྲིག་སྲོལ་ལྟར་རིམ་པས་སྒོ་མོ་འབྱེད་པའི་རྩ་དོན་གཏན་འཁེལ་བྱས་ནས། སྔར་བས་ལེགས་པའི་སྒོ་ནས་ཚན་རིག་གི་ནུས་པ་འདོན་སྤེལ་དང་། གལ་ཆེའི་ཚན་རིག་གི་གྲུབ་འབྲས་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མིའི་རིགས་ཡོངས་ཀྱིས་འཇིག་རྟེན་ཁམས་ལ་འཚོལ་ཞིབ་དང་ངོས་འཛིན་བྱ་བྱེད་ལེགས་སྐྱེས་ཕུལ་ཡོད། འཇར་མན་གྱི་ཕུ་ལང་ཁེ་གློག་འདྲེན་གནམ་རིག་རིགས་པ་ཞིབ་འཇུག་ཁང་གི་གནམ་རིག་མཁས་ཅན་སི་བི་ཐེ་ལེས། ཀྲུང་གོའི་གནམ་མིག་ཅེས་པས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བརྒྱུད། དུས་རབས་འདིའི་ལོ་རབས30སླེབས་སྐབས། མིའི་རིགས་ཀྱིས་རིམ་འདས་ནག་དོང་ཟག་རྡུང་བྱུང་བ་སོགས་ཀྱི་ཐད་གྲངས་གཞི་འབོར་ཆེན་ཞིག་གསོག་འཇོག་ཐུབ་རྒྱུ་རེད་ཅེས་བསྟན་གནང་ཡོད།

ཀྲུང་གོའི་བར་ཁམས་ས་ཚིགས་སྒོ་དབྱེ་བྱེད་པ་དང་། འཛམ་གླིང་ཧྲིལ་པོར་བྱང་སྐར་སྤུན་བདུན་མ་ལག་མཉམ་སྤྱོད་བྱེད་པ། དེ་ནས་ཀྲུང་གོའི་གནམ་མིག་ཅེས་པས་འཛམ་གླིང་ཧྲིལ་པོས་ཐུན་མོང་ཐོག་འབྱུང་འགྱུར་གཏོད་རྒྱུར་དགའ་བསུ་ཞུ་བ་སོགས་ཚང་མའི་ཐོག་ནས་ཀྲུང་གོས་བར་སྣང་ཁམས་བེད་སྤྱོད་བྱེད་པའི་སྐབས་སུ་འཛམ་གླིང་དང་མཉམ་ལས་བྱེད་པའི་སྙིང་སྟོབས་ལེགས་པར་མངོན་ཡོད། སྔོན་དཔག་ཐུབ་པའི་མ་འོངས་པར། ཀྲུང་གོས་རྒྱལ་སྤྱིའི་ཚན་རིག་ལས་རིགས་ཀྱིས་རྒྱུན་མཐུད་ངང་འཇིག་རྟེན་འཚོལ་ཞིབ་དང་ལྐོག་འགྱུར་དུ་གྱུར་བའི་བྱ་དངོས་ལ་ཞིབ་འཇུག་བྱ་ཆེད་ལྟ་སྟངས་གསར་པ་མི་ཉུང་བ་ཞིག་འཚོལ་ཞིབ་བྱས་ནས། མིའི་རིགས་ཀྱིས་ཁྱབ་ཁོངས་གསར་པར་ངོས་འཛིན་བྱ་ཆེད་ལེགས་སྐྱེས་སྔར་ལས་ལྷག་པ་འབུལ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有

ཀྲུང་གོའི་གནམ་མིག་གིས་འཛམ་གླིང་དང་མཉམ་དུ་འབྱུང་འགྱུར་ལ་བསུ་བ་ཞུ་རྒྱུ་རེད།

ཀྲུང་གོས་ཉིན་ཤས་གོང་འཛམ་གླིང་ལ། ཀྲུང་གོའི་གནམ་མིག་ཅེས་སུ་གྲགས་པའི་ཁ་ཞེང་ལ་སྨི500ཡོད་པའི་གློག་འདྲེན་ཟླུམ་གཟུགས་རྒྱང་ཤེལ་དེ་སྤྱི་ཟླ4པའི་ཚེས1ཉིན་ནས་བཟུང་འཛམ་གླིང་ཧྲིལ་པོའི་ཚན་རིག་ལས་རིགས་ལ་སྒོ་མོ་འབྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད། དེས་འཛམ་གླིང་ཚན་རིག་ལས་རིགས་ལ་ཀྲུ