ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་རྒྱལ་ཚོགས་ཀྱི་མཉམ་ཞུགས་གྲོས་ཚོགས་ཀྱིས་པའེ་ཏེང་ཨ་རིའི་ཙུང་ཐུང་ལ་བདམས་ཐོན་བྱུང་བ་གཏན་འཁེལ་བྱས་པ།

2021-01-08 15:56:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་སྤྱི་ཚེས་7ཉིན། ཨ་རིའི་རྒྱལ་ཚོགས་ཀྱི་མཉམ་ཞུགས་གྲོས་ཚོགས་ཀྱིས་པའེ་ཏེང་ལ་འདེམས་ཤོག་306ཐོབ་ནས། སྐབས་རྗེས་མའི་ཨ་རིའི་ཙུང་ཐུང་ལ་བདམས་ཐོན་བྱུང་བ་གཏན་འཁེལ་བྱས་ཡོད་པ་རེད། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་གསལ་བསྒྲགས་སྤེལ་ནས། མ་གཞི་ཐེ་རོན་ཕུས་ཙུང་ཐུང་འདེམས་བསྐོའི་མཇུག་འབྲས་ལ་མོས་མཐུན་མེད་ན་ཡང་། སྤྱི་ཟླ་1ཚེས་20ཉིན་སྲིད་དབང་རྩིས་སྤྲོད་བྱ་རྒྱུ་དེ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། ཨ་རིའི་རྒྱལ་ས་ཧྭ་ཧྲེང་ཏུན་དུ་སྤྱི་ཚེས་6ཉིན་གྱི་ཕྱི་དྲོ་ཨ་རིའི་ཆབ་སྲིད་ལོ་རྒྱུས་ཐོག་མཐོང་དཀོན་པའི་གནས་ཚུལ་ཞིག་ཐོན་ཡོད། རྔམ་སྟོན་བྱེད་མཁན་འབོར་ཆེན་ཞིག་རྒྱལ་ཚོགས་ཁང་དུ་ཤོར་བའི་རྐྱེན་གྱིས། སྐབས་དེར་སྤེལ་བཞིན་པའི་འདེམས་བསྐོ་ཆེན་མོའི་མཇུག་འབྲས་ལ་བདེན་དཔང་བྱེད་པའི་གྲོས་ཚོགས་སྟོད་སྨད་གཉིས་ཀྱི་མཉམ་ཞུགས་གྲོས་ཚོགས་མཚམས་འཇོག་མི་བྱེད་ཀ་མེད་ཐུག་ཡོད། མིག་སྔར། གནས་ཚུལ་སྤེལ་བར་གཞིགས་ན་མི་4དོན་རྐྱེན་དེའི་ནང་རྐྱེན་ལམ་དུ་ཤོར་ཡོད་པ་དང་། དེ་མིན་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པ་རེད། ཨ་རིའི་སྨྱན་སྦྱོར་གྱིས། དེ་ནི་ཨ་རིའི་དེང་རབས་ལོ་རྒྱུས་ཐོག་དབང་ཆ་རྩིས་སྤྲོད་བྱེད་སྐབས་ཧྭ་ཧྲེང་ཏུན་གྱི་དབང་ཆའི་འཁྱམ་ར་དེ་དངོས་གཟུགས་གདོང་ཐུག་སྤེལ་ཡུལ་དུ་གྱུར་ཐེངས་དང་པོ་དེ་ཡིན་ཞིང་། ཨ་རིའི་ཆབ་སྲིད་མ་ལག་ལ་རྒྱུན་རིང་གི་གནོད་འཚེ་ཕོག་བཟོ་ཡོད་ཅེས་བཤད་ཡོད་པ་རེད།

རྔམ་སྟོན་བྱེད་མཁན་ཨ་རིའི་རྒྱལ་ཚོགས་སུ་ཤོར་བའི་གནས་ཚུལ་ཐོན་རྗེས། རྒྱལ་ཁབ་ཁ་ཤས་ཀྱིས་དོན་དེར་ཧང་སངས་པའི་རྣམ་འགྱུར་བསྟན་པ་དང་རྒོལ་གཏམ་བཏང་ཡོད་པ་དང་། ཨ་རིས་སྲིད་དབང་གོ་རིམ་ལྡན་པའི་ངང་རྩིས་སྤྲོད་རྩིས་ལེན་བྱ་རྒྱུའི་རེ་འབོད་བྱས་ཡོད། དབྱི་རན་གྱི་ཙུང་ཐུང་ལུ་ཧ་ཉིས་སྤྱི་ཚེས་7ཉིན་བརྙན་འཕྲིན་ཐོག་གཏམ་བཤད་སྤེལ་ནས། དོན་རྐྱེན་དེས་ནུབ་ཕྱོགས་དམངས་གཙོའི་ཉམས་ཞན་མངོན་གྱི་ཡོད་པ་དང་། ཨ་རིའི་སྲིད་གཞུང་གསར་པས་དོན་རྐྱེན་དེ་ལས་བསླབ་བྱ་བསྡུ་ལེན་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་ཡོད། ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལོ་ཝས། ཨ་རིའི་འདེམས་བསྐོའི་མ་ལག་རྗེས་ལུས་ཡིན་པས། དེང་རབས་ཀྱི་དམངས་གཙོའི་ཚད་གཞིའི་དགོས་མཁོ་སྐོང་ཐུབ་ཀྱི་མེད། དེས་ཀྱང་ཚད་གཞི་ངེས་ཅན་ཞིག་གི་ཐོག་ཨ་རིའི་སྤྱི་ཚོགས་ཀྱི་ད་ཆའི་ཁ་ཕྲལ་གྱི་རྣམ་པ་བཟོས་ཡོད་ཅེས་བཤད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有

ཨ་རིའི་རྒྱལ་ཚོགས་ཀྱི་མཉམ་ཞུགས་གྲོས་ཚོགས་ཀྱིས་པའེ་ཏེང་ཨ་རིའི་ཙུང་ཐུང་ལ་བདམས་ཐོན་བྱུང་བ་གཏན་འཁེལ་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་སྤྱི་ཚེས་7ཉིན། ཨ་རིའི་རྒྱལ་ཚོགས་ཀྱི་མཉམ་ཞུགས་གྲོས་ཚོགས་ཀྱིས་པའེ་ཏེང་ལ་འདེམས་ཤོག་306ཐོབ་ནས། སྐབས་རྗེས་མའི་ཨ་རིའི་ཙུང་ཐུང་ལ་བདམས་ཐོན་བྱུང་བ་གཏན་འཁེལ་བྱས་ཡོད་པ་རེད།