ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འཛམ་གླིང་ཧྲིལ་པོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་བྱེ་བ་བརྒྱད་དང་ས་ཡ་ལྔ་དང་དགུ་འབུམ་ཉིས་ཁྲི་ཟིན་པ་ཅེས་བསྟན་པ།

2021-01-08 15:55:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། འཛམ་གླིང་ཧྲིལ་པོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་བྱེ་བ་བརྒྱད་དང་ས་ཡ་ལྔ་དང་དགུ་འབུམ་ཉིས་ཁྲི་9428ཟིན་ཡོད། ཚེ་འདས་ནད་པ་ས་ཡ་གཅིག་དང་བརྒྱད་འབུམ་བདུན་ཁྲི་6100ཟིན་ཡོད།

ཨ་རིའི་ཡུའེ་ཧན་སི་ཧོ་ཕུ་ཅིན་སི་སློབ་ཆེན་གྱིས་བསྡོམས་རྩིས་བྱས་པའི་གྲངས་གཞིར་གཞིགས་ན། པེ་ཅིང་གི་དུས་ཚོད་སྤྱི་ཚེས་8ཉིན་གྱི་ཐོ་རེངས་ཆུ་ཚོད་4དང་སྐར་མ་22བར་སླེབས་དུས། ཨ་རིར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་བྱེ་བ་གཉིས་དང་ས་ཡ་གཅིག་དང་བཞི་འབུམ་དྲུག་ཁྲི་8084ཟིན་ཡོད་པ་དང་། ཚེ་འདས་ནད་པ་སུམ་འབུམ་དྲུག་ཁྲི་3519ཟིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འཛམ་གླིང་ཧྲིལ་པོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་བྱེ་བ་བརྒྱད་དང་ས་ཡ་ལྔ་དང་དགུ་འབུམ་ཉིས་ཁྲི་ཟིན་པ་ཅེས་བསྟན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། འཛམ་གླིང་ཧྲིལ་པོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་བྱེ་བ་བརྒྱད་དང་ས་ཡ་ལྔ་དང་དགུ་འབུམ་ཉིས་ཁྲི་9428ཟིན་ཡོད།