ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་དཔལ་འབྱོར་སླར་གསོ་བྱུང་བ་དེས་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྒུལ་ནུས་བསྣན་ཡོད།

2021-01-07 16:11:00     责编:sangjzm

འཛམ་གླིང་དངུལ་ཁང་གིས་སྤྱི་ཚེས་5ཉིན་འཛམ་གླིང་དཔལ་འབྱོར་ལ་རྒྱང་ལྟ་བྱེད་ཅེས་པའི་སྙན་ཞུ་གསར་ཤོས་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་དཔལ་འབྱོར་དེ་ཉིད་དོ་ཁུར་བྱ་ཡུལ་གཙོ་བོའི་གྲས་སུ་གྱུར་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་འོག ཀྲུང་གོའི་དཔལ་འབྱོར་དེ་ཉིད་རིམ་བཞིན་ཇེ་ལེགས་སུ་ཕྱིན་ནས། འཛམ་གླིང་ཧྲིལ་པོའི་སེམས་ཤུགས་འཕེལ་དུ་བཅུག་པ་དང་། མུ་མཐུད་ནས་འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྟོབས་ཆེའི་འགུལ་ནུས་བསྣན་ཡོད།

འཛམ་གླིང་དངུལ་ཁང་གིས། སྤྱི་ལོ་2020ལོར་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་བརྒྱ་ཆ་4.3ཆག་རྒྱུ་ཡིན་མོད། འོན་ཀྱང་ཀྲུང་གོའི་དཔལ་འབྱོར་དེ་ལས་ལྡོག་སྟེ་བརྒྱ་ཆ་2འཕར་སྣོན་འགྲོ་བཟོ་ཡོད་པས། འཛམ་གླིང་ཧྲིལ་པོར་དཔལ་འབྱོར་དངོས་འཕར་བྱུང་བའི་དཔལ་འབྱོར་མ་ལག་ཉག་ཅིག་དེར་འགྱུར་རྒྱུ་ཡིན། སྤྱི་ལོ་2021ལོར། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་བརྒྱ་ཆ་4འཕར་རེ་ཡོད་པ་དང་། ཀྲུང་གོའི་དཔལ་འབྱོར་མུ་མཐུད་ནས་བརྒྱ་ཆ་7.9འཕར་སྣོན་འགྲོ་རྒྱུ་ཡིན་པས། དེ་ནི་དཔལ་འབྱོར་འཕར་ཚད་ཆེས་མཐོ་བའི་དཔལ་འབྱོར་མ་ལག་གཙོ་བོར་འགྱུར་བ་དང་། རིམས་ནད་གོང་གི་འཕར་སྣོན་འགྲོ་བའི་འཁོར་ལམ་ཐོག་བདེ་བླག་ངང་ཕྱིར་ལོག་ཐུབ་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད།

འཛམ་གླིང་དངུལ་ཁང་གི་སྙན་ཞུའི་ནང་། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་ད་ལོ་འཕར་སྣོན་འགྲོ་བཟོ་ཡོད་པ་དེ་ནི་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བརྗོད་ན་ཀྲུང་གོའི་དཔལ་འབྱོར་བསྐྱར་ལོག་ཐེབས་པའི་སྔོན་དཔག་གི་རྨང་གཞི་ལས་བྱུང་བ་ཞིག་ཡིན་པ་དང་། དེ་ལྟར་མིན་ཚེ་འཛམ་གླིང་དཔལ་འབྱོར་གྱི་སླར་གསོའི་ཚད་གཞི་ཡང་སྔར་ལས་འགོར་དུ་འགྲོ་སྲིད། དེའི་ཐོག་ནས་ཀྲུང་གོའི་དཔལ་འབྱོར་གྱིས་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་ཆེད་ཐུན་མོང་མ་ཡིན་པའི་ལེགས་སྐྱེས་འཕུལ་ཡོད་པ་ར་སྤྲོད་ཐུབ་པ་མ་ཟད། མུ་མཐུད་འཐུས་ཚབ་བྱེད་མི་ཐུབ་པའི་ནུས་པ་འདོན་སྤེལ་བྱེད་ཐུབ་ཅེས་བཤད་ཡོད།

ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་སྒོ་ནས་བསྐྱར་ལོག་ཕྱིན་པ་དེ་ནི་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་གཅིག་འགྱུར་འཆར་འགོད་བྱས་པའི་ནུས་ཡོད་བྱ་ཐབས་ལས་བྱུང་བ་ཞིག་ཡིན། རིམས་ནད་འཕྲད་སྐབས། ཀྲུང་གོའི་སྲིད་གཞུང་གིས་སྔ་བར་ཕྱི་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ཨང་དང་པོར་བཞག་ནས། བློ་བརྟན་འགྱུར་མེད་སྒོ་ནས་འཕྲལ་ཐག་ཆོད་པའི་བྱ་སྤྱོད་བཟུང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱས་ཡོད་པ་དང་། རིམས་ནད་འགོག་བཅོས་བྱེད་པའི་འཐབ་རྩོད་ཁྲོད་འཐབ་ཇུས་གྲུབ་འབྲས་གལ་ཆེན་བླངས་པའི་རྗེས། གནད་འཕིགས་ནུས་ལྡན་གྱི་བྱ་ཐབས་དང་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་སྒོ་ནས་དཔལ་འབྱོར་འགོག་སྲུང་དམག་འཐབ་རྒྱག་འགོ་ཚུགས་ཡོད། སྤྱི་ལོ་2020ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ཀྲུང་གོའི་དཔལ་འབྱོར་ཆག་པ་ནས་འཕར་བའི་བར་འགྱུར་ལྡོག་བྱུང་ནས། འཛམ་གླིང་དཔལ་འབྱོར་ལ་རེ་བ་གསར་པ་སྦྱིན་ཡོད་པ་དང་། རིམས་ནད་འོག་གི་རྒྱལ་ཁབ་ཁག་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སེམས་ཤུགས་སྔར་ལས་ལྷག་པ་སྤྲད་ཡོད།

ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ངང་བརྟན་པོའི་ཕྱོགས་སུ་བསྐྱོད་པ་དེས། འཛམ་གླིང་དཔལ་འབྱོར་ངོས་ནས་བརྗོད་ན་དེ་ནི་གཏམ་བཟང་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱས་ནས་བསྡད་ཡོད། ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་བྱུང་བ་དང་། ཁྲོམ་རའི་གསོན་ཤུགས་སླར་གསོ་བྱུང་བ། ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་བཅས་བྱས་ནས། འཛམ་གླིང་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་བཟོས་ཡོད་པ་དང་། འཛམ་གླིང་གི་སྤྱིའི་དགོས་མཁོ་ནུས་ལྡན་ངང་སྐུལ་འཕེལ་བྱས་པ། རྒྱལ་སྤྱིའི་ཉོ་ཚོང་གོང་འཕེལ་ལ་སྐུལ་འདེད་བཏང་བ། འཛམ་གླིང་རྒྱལ་ཁབ་ཁག་དེའི་ནང་ནས་ཕན་ཁེ་ཐོབ་ཐུབ་པ་བྱས་ཡོད། ཀྲུང་གོས་རིམས་ནད་འགོག་པའི་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་སྤེལ་ནས། རྒྱལ་ཁབ་150ལྷག་དང་རྒྱལ་སྤྱིའི་སྒྲིག་འཛུགས་10ལ་རིམས་འགོག་རོགས་སྐྱོར་བྱས་ཡོད་པ་དང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་སྨན་ཁབ་ཞིབ་བཟོ་ལེགས་སྒྲུབ་བྱུང་བ་མ་ཟད་བདེ་སྤྱོད་བཏང་བའི་རྗེས་འཛམ་གླིང་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ལ་རྩིས་རྒྱུའི་ཁས་ལེན་བྱས་པ་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ཆབས་ཅིག ཀྲུང་གོས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་གྲུབ་འབྲས་ཐོབ་ནས། འཛམ་གླིང་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་གི་འཕེལ་རིམ་ཐད་འགུལ་ནུས་བསྣན་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་སྒྲིག་འཛུགས་ཀྱི་སྤྱི་འདོམས་པ་ཨའོ་འར་ཅི་ཡེ་ཝས། ཀྲུང་གོས་ཉོ་ཚོང་དང་། འཛམ་གླིང་དཔལ་འབྱོར་སླར་གསོ། དབུལ་ཕོངས་ཉུང་གཏོང་། ཐན་ཉུང་གཏོང་གི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བསྔགས་བརྗོད་གནང་ཡོད། ཕེང་པོ་གསར་འགྱུར་ཁང་གིས་རྩོམ་ཡིག་སྤེལ་ནས། འཛམ་གླིང་ལ་སྔོན་གྱི་དུས་གང་རུང་ཞིག་ལས་ཀྱང་ཀྲུང་གོ་མཁོ་བ་ཡོད་ཅེས་འཁོད་འདུག

འཛམ་གླིང་དཔལ་འབྱོར་ལ་སླར་གསོ་བྱུང་བའི་འཕེལ་ཕྱོགས་ཐོན་ཡོད་ན་ཡང་། རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་དེ་འཕྲལ་མ་ཉིད་དུ་མེད་པ་བཟོ་རྒྱུ་ནི་དངོས་ནས་ཁག་པོ་ཡིན་ཞིང་། འཛམ་གླིང་ཧྲིལ་པོའི་རྒྱལ་ཁབ་ཁག་གི་མཐུན་སྒྲིལ་མཉམ་ལས་དང་། མཉམ་ཤུགས་འདོན་སྤེལ་གྱིས་ཁ་གཏད་གཅོག་དགོས། འཛམ་གླིང་དངུལ་ཁང་གིས། རིམས་ནད་ཀྱི་རྡབ་གསིག་མདུན་དུ། འཛམ་གླིང་གི་དཔལ་འབྱོར་དེ་ལོ་བཅུ་ཆག་པའི་ཉེན་ཁ་སྔར་བཞིན་གནས་ཡོད་པའི་ཉེན་བརྡ་བཏང་ཡོད། འཛམ་གླིང་དངུལ་ཁང་གི་འགོ་འཛིན་མའར་ཕ་སིས། རྒྱལ་ཁབ་ཁག་གི་བཀོད་ཇུས་པར་འགྲན་རྩོད་ཆེན་པོ་སྔར་བཞིན་འཕྲད་ཡོད་པ་དང་། སྤྱི་པའི་འཕྲོད་བསྟེན་དང་། དངུལ་བུན་དོ་དམ། སྔོན་རྩིས་སྲིད་ཇུས། ཀྲུང་དབྱང་དངུལ་ཁང་དང་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་སོགས་དང་འབྲེལ་བ་ཡོད། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་སླར་གསོ་བྱ་རྒྱུ་ནི་ཡུན་རིང་ཞིང་དོ་མི་སྙོམས་པ་དང་མཐོ་ཚད་གཏན་འཁེལ་མེད་པ་ཞིག་ཡིན་པས། ལག་གདང་སྦྲེལ་ནས་ཕྱོགས་མང་མཉམ་ལས་ལ་ཤུགས་རྒྱག་རྒྱུ་ནི་རྒྱལ་ཁབ་ཁག་གི་ཡང་དག་པའི་གདམ་ཁ་ཡིན་ཞེས་གསུངས་ཡོད་པ་རེད།

མིག་སྔར། འཛམ་གླིང་ཧྲིལ་པོའི་རིམས་ནད་ད་དུང་མཇུག་འགྲིལ་མེད་པས། འཛམ་གླིང་དཔལ་འབྱོར་སླར་གསོ་འགྲོ་བའི་ལམ་ཁར་འགོག་རྐྱེན་མང་ལ་ལམ་ཐག་རིང་པོ ་ཡོད། ཀྲུང་གོས་མུ་མཐུད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཅིག་འགྱུར་འཆར་འགོད་བྱས་ནས། སྤྱི་ཁོག་སྲིད་ཇུས་ཀྱི་བསྟུད་མའི་རང་བཞིན་དང་། བརྟན་ལྷིང་རང་བཞིན། རྒྱུན་མཐུད་ཐུབ་པའི་རང་བཞིན་བཅས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་བློ་རིག་དང་སྟོབས་ཤུགས་ལ་བརྟེན་ཏེ། འཛམ་གླིང་ཧྲིལ་པོའི་རིམས་འགོག་དང་འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྟོབས་ཆེའི་དྲང་ནུས་བསྣན་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཀྲུང་གོའི་དཔལ་འབྱོར་སླར་གསོ་བྱུང་བ་དེས་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྒུལ་ནུས་བསྣན་ཡོད།

འཛམ་གླིང་དངུལ་ཁང་གིས་སྤྱི་ཚེས་5ཉིན་འཛམ་གླིང་དཔལ་འབྱོར་ལ་རྒྱང་ལྟ་བྱེད་ཅེས་པའི་སྙན་ཞུ་གསར་ཤོས་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་དཔལ་འབྱོར་དེ་ཉིད་དོ་ཁུར་བྱ་ཡུལ་གཙོ་བོའི་གྲས་སུ་གྱུར་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་འོག ཀྲུང་གོའི་དཔལ་འབྱོར་དེ་ཉིད་རིམ་བཞིན་ཇེ་ལེགས་སུ་ཕྱིན་ནས། འཛམ་གླིང་ཧྲིལ་པོའི་སེམས་ཤུགས་འཕེ